《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月13日

ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་གསང་སྲུང་ཤེས་བྱའི་འགྲན་བསྡུར་ཚེས་15ཉིན་འགོ་འཛུགས་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་11ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་ལྗོངས་ཏང་ཨུད་གསང་སྲུང་གཞུང་དོན་ཁང་དང་ལྗོངས་རྒྱལ་ཁབ་གསང་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཏང་གི་གསང་སྲུང་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གསང་སྲུང་གི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གསང་སྲུང་ཤེས་བྱའི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་གསང་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་གསང་སྲུང་གཞུང་དོན་ཁང་དང་རྒྱལ་ཁབ་གསང་སྲུང་ཅུས་ཀྱི་ལས་དོན་བཀོད་སྒྲིག་དང་གསང་སྲུང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་གསང་སྲུང་དྲིལ་བསྒྲགས་སློབ་གསོའི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་གསང་སྲུང་གཞུང་དོན་ཁང་དང་ལྗོངས་རྒྱལ་ཁབ་གསང་སྲུང་ཅུས་ཀྱིས་ཉེ་དུས་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ“འོད་སྟོང་འབར་བའི་ལོ་རྒྱུས་ལམ་བུ་གསང་སྲུང་ལས་དོན་ལ་ང་ཡིས་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསང་སྲུང་ཤེས་བྱ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

འགྲན་བསྡུར་ནང་ཞུགས་མཁན་གྱིས་2021ལོའི་ཟླ་4ཚེས་15ཉིན་གྱི་ཆུ་ཚོད་8པ་ནས་ཟླ་5ཚེས་15ཉིན་གྱི་ཆུ་ཚོད་24བར“གསང་སྲུང་ལྟ་ཞིབ”ཞེས་པའི་སྐད་འཕྲིན་སྤྱི་རྟགས་སམ་ཡང་ན་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་ཚོང་ཁང་ནས“གསང་སྲུང་ལྟ་ཞིབ”ཞེས་པའི་APPཕབ་ལེན་བྱས་ཏེ་འགྲན་བསྡུར་ནང་ཞུགས་ཆོག་གི་ཡོད་པ་རེད།

“གསང་སྲུང་ལྟ་ཞིབ”ཞེས་པའི་སྐད་འཕྲིན་སྤྱི་རྟགས་དང“གསང་སྲུང་ལྟ་ཞིབ”APPཀྱི་བཀོལ་སྤྱོད་ཞབས་ཞུའི་ཁ་པར་ཨང་གྲངས་010-88637287ཡིན་པ་རེད།