《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月13日

པར་རིས་གསར་འགྱུར།

ཉིན་ཤས་གོང་། ཆུ་རགས་དུམ་བུ་མཐའ་མའི་ཨར་འདམ་ལུགས་རྒྱག་ལས་རིམ་ལེགས་གྲུབ་ཟིན་པ་དང་ཆབས་ཅིག ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་དགུ་པས་སྐྲུན་འགན་འཁུར་བ་དང་། ཀྲུང་གོ་ཧྭ་གློག་ཁོངས་གཏོགས་ཀྱི་རྒྱལ་ཁབ་གཙོ་གནད་ཆུ་གློག་ལས་གྲྭའི་བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་གི་ཆུ་རགས་གཙོ་བོའི་ལས་གྲྭ་ཧྲིལ་པོའི་ཐོད་སྒང་བར་ཨར་འདམ་ལུགས་བརྒྱབ་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར་120ལྷག་ཙམ་བཏང་བའི་བོད་ལྗོངས་དྭགས་པོ་ཆུ་ཤུགས་གློག་ཁང་ནི་འཛམ་གླིང་ཐོག་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་བཙིར་གནོན་རྣམ་པའི་ཨར་འདམ་གྱི་ལྗིད་ཤུགས་ཆུ་རགས་ཤིག་རེད། ལས་གྲྭས་ཟླ་4ཚེས་15ཉིན་ཆུ་སྒོ་རྒྱག་རྒྱུ་དང་ཟླ་5ཚེས་23ཉིན་འཕྲུལ་ཚན་དང་པོ་ནས་གློག་གཏོང་ཐུབ་པའི་འགན་ལེན་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་ཆེད་ལེགས་སྐྱེས་འབུལ་རྩིས་ཡོད་པ་རེད།