《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月08日

འདི་ལོ་རང་ལྗོངས་ཀྱིས་ནགས་བཟོ་མུའུ་ཁྲི་110ལྷག་ཙམ་བྱེད་རྩིས་ཡོད་པ།

གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་རང་ལྗོངས་ཀྱིས་གཙོ་གནད་ས་ཁོངས་སུ་ནགས་བཟོའི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད། ནགས་བཟོ་མུའུ་ཁྲི་110ལྷག་ཙམ་བྱེད་རྩིས་ཡོད་པའི་ནང་། སྔོན་ལ་འདེབས་པ་དང་རྗེས་སུ་ཁ་གསབ་སྤྲོད་པའི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་20དང་། གྲོང་གསེབ་ཀྱི“ཉེ་འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་ཀྱི་འཛུགས་སྐྲུན་ལས་འགན་མུའུ་ཁྲི་10 གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟ་མུའུ་ཁྲི་50 ལྗོངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་མུའུ་ཁྲི་13.9བཅས་ཚུད་པ་མ་ཟད། 2021ལོའི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་ལྷ་ས་དང་དེའི་ཉེ་འགྲམ་ས་ཁུལ་གྱི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི་16.61དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རང་ལྗོངས་ཀྱི་ཤིང་འཛུགས་ནགས་བཟོའི་ལས་དོན་ཁྲོད་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་བཅས་གྲོང་ཁྱེར་གསུམ་གཙོ་གནད་དུ་བྱེད་པ་དང་། ལྷ་སའི་ཉེ་འཁོར་དང་རིམ་མཐོའི་གཞུང་ལམ་རྒྱུད་དང་ཡར་ཀླུང་གཙང་པོའི་ངོགས་སོགས་ཀྱི་གཙོ་གནད་ས་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་འདོམས་བྱེད་པ། གཅིག་སྡུད་ཡུག་འབྲེལ་གྱི་གཞི་ཁྱོན་ལྡན་པའི་ཤིང་འཛུགས་ནགས་བཟོའི་ཕན་འབྲས་ཧུར་ཐག་གཏོད་པ། “གྲོང་ཚོ་དང་དུད་ཚང་ལ་སྐྱེ་ཤིང་ཡོད་པའི”གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་བྱེད་པ། གྲོང་གསེབ་ཀྱི“འགྲམ་བཞིའི”ཤིང་འཛུགས་བྱ་སྤྱོད་སྤེལ་བ། སྐྱེ་ཁམས་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་བྱས་ནས། མཛེས་ལ་གཙང་བའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གཏོད་རྒྱུ་རེད། མིག་སྔའི་བར་རང་ལྗོངས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ནགས་བཟོའི་ལས་འགན་མུའུ་ཁྲི་31.2ལེགས་སྒྲུབ་བྱས་ཡོད།