《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

སྔོ་ལྗང་འདེབས་འཛུགས་བྱས་ནས་ཁྱིམ་གཞིས་མཛེས་སྡུག་ལྡན་པར་བྱས།

ཉེ་དུས། གུང་གཞོན་སྡེ་ཚོགས་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ལྗོངས་གཞོན་ནུ་དང་བླངས་པའི་མཐུན་ཚོགས་ཀྱིས་གཞོན་ནུ་དང་བླངས་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བོད་ཀྱི་གཞོན་ནུ་དང་བླངས་པའི་གླིང”དུ་བསྐྱོད་དེ་འོས་འགན་ཤིང་འཛུགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལོ་40ལྷག་ཙམ་བྱས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་འགྱུར་བ་དང་ཤིང་འཛུགས་ནགས་བཟོའི་ལས་ཀའི་ནང་ཞུགས་ཏེ“གཞོན་ནུའི་གླིང”55བསྐྲུན་པའི་ནང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་གཞོན་ནུའི་གླིང་6དང་རྫོང་རིམ་པའི་གཞོན་ནུའི་གླིང་49ཡོད་པ་རེད།

འདི་ནི་གཞོན་ནུ་དང་བླངས་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བོད་ཀྱི་གཞོན་ནུ་དང་བླངས་པའི་གླིང”དུ་འོས་འགན་ཤིང་འཛུགས་བཞིན་པ།