《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月07日

ཁྲེང་ཡུང་ཆི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུཌ་པུས་སྤེལ་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“དྭངས་གསལ་དུས་ཚིགས་ལ་དཔའ་བོར་དུར་མཆོད་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཟླ་4ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཐན་ཀོན་སན་དྲན་གསོའི་སྐྱེད་ཚལ་དུ་བསྐྱོད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“དྭངས་གསལ་དུས་ཚིགས་ལ་དཔའ་བོར་དུར་མཆོད་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། མེ་ཏོག་སི་ར་ཕུལ་བ་དང་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་མ་ཟད། ཐན་ཀོན་སན་གྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ནས་དཔའ་བོའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་དྲན་གསོ་ཞུས་ཏེ་གོང་བཀུར་གྱི་བརྩེ་སེམས་མཚོན་པར་བྱས་ཤིང་། ལྗོངས་ཏང་ཨུད་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེང་ཡུང་ཆི་བྱེད་སྒོར་ཕེབས་ནས་གསུང་བཤད་ཀྱང་གནང་བ་རེད།

ཁྲེང་ཡུང་ཆིས་དྭངས་གསལ་དུས་ཚིགས་ལ་དཔའ་བོར་དུར་མཆོད་བྱེད་པ་ནི། ཏང་གི་ལོ་རྒྱུས་ཤེས་རྟོགས་དང་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་སྟོབས་བརྩོན་བྱེད་པའི་སློབ་སྦྱོང་སློབ་གསོ་ཞིག་དང་། ཏང་གཤིས་ཟབ་ཏུ་གཏོང་བ་དང་སྙིང་སྟོབས་འཕེལ་བར་བྱེད་པའི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་དགོས། གསར་བརྗེའི་སྔོན་བྱོན་པའི་གཟི་བརྗིད་ལྡན་པའི་བྱས་རྗེས་ལ་སློབ་སྦྱོང་ནན་ཏན་ཞུས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བའི་སྒོ་ནས་དུས་རབས་གསར་པའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་འབུད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས།“དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འགན་ལེན་བཞི”མངོན་འགྱུར་ཡག་པོ་ཡོང་བ་བྱེད་པ་མ་ཟད། རང་འགན་ཐེག་པ་འཁུར་ལེན་དང་། དངོས་འཛིན་དངོས་སྒྲུབ་བྱས་ནས་རྩ་འཛུགས་ལས་དོན་གྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།