《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

པར་རིས་གསར་འགྱུར།

ཉིན་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། རིམས་འགོག་སྨན་ཁབ་རྒྱག་སར་སྨན་བཅོས་སྒུག་ཁང་དང་། ཐོ་འགོད་ས། ཁབ་རྒྱག་ས། ལྟ་ཞིབ་ཁང་། རིམས་འགོག་སྨན་ཁབ་བརྒྱབ་རྗེས་མ་འཕྲོད་པ་སྨན་བཅོས་བྱ་ཡུལ་སོགས་གསལ་པོ་དབྱེ་ཡོད་པ་དང་། རིམས་འགོག་སྨན་ཁབ་ཀྱི་དུག་སེལ་སྒྲིག་ཆས་དང་། རིམས་འགོག་སྨན་ཁབ་ཉར་ཚགས་ཀྱི་སྒྲིག་ཆས། འཕྲལ་སྡོམ་སྨན་རྫས་སྒྲིག་ཆས་བཅས་ཆ་ཚང་པོ་ཡོད་པ་མ་ཟད། ད་དུང་སྨན་ཁབ་རྒྱག་སར་སྨན་དོན་པ་དང་ཏང་ཡོན་དང་བླངས་པས་མང་ཚོགས་ཀྱི་དོགས་གནད་བསལ་རོགས་བྱེད་ཀྱི་ཡོད།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཚོས་རིམས་འགོག་སྨན་ཁབ་རྒྱག་བཞིན་པ།