《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

འཕྱོངས་རྒྱས་རྫོང་གི“ཁྱིམ་གྱི་སྒོ་རྩའི་ནང་སའི་བོད་ལྗོངས་འཛིན་གྲྭ”དངོས་སུ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། “ཁྱིམ་གྱི་སྒོ་རྩའི་ནང་སའི་བོད་ལྗོངས་འཛིན་གྲྭ(ཚོད་ལྟའི་འཛིན་གྲྭ)”—ལྷོ་ཁ་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་ནང་སའི་བོད་ལྗོངས་འཛིན་གྲྭས(ཚོད་ལྟའི་འཛིན་གྲྭ)ཟླ་བ་འགའ་ཤས་ཀྱི་གྲ་སྒྲིག་དང་དཔྱིད་དུས་ཀྱི་སློབ་དུས་གསར་པ་འཚོགས་རྗེས་ཀྱི་དུས་མཚམས་ཤིག་རིང་ཚོད་ལྟའི་སློབ་ཚན་འཚོགས་རྗེས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་དངོས་སུ་གཉེར་འགོ་ཚུགས་པ་རེད།

འཛིན་གྲྭ་དེའི་དགེ་རྒན་དཔུང་ཁག་ཚང་མ་ཧུའུ་པེའི“མི་ཁྲིའི་འཆར་གཞིའི”བོད་སྐྱོར་དགེ་རྒན་དང་ཧུའུ་པེའི་རིག་གནས་ཚན་ཁག་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་སྐལ་བཟང་མེ་ཏོག་སློབ་གྲྭ་ཆེ་མོ་བའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ལས་གྲུབ་པ་ཞིག་ཡིན། འཛིན་གྲྭའི་སྒྲིག་འཛུགས་དོ་དམ་དེ་ནང་སའི་དོ་དམ་བྱེད་སྟངས་གཞིར་བཟུང་རིག་ཚན་སློབ་ཚན་བཀོད་སྒྲིག་བྱས་པ་དང་། ནང་སའི་དཔྱད་འདེམས་བྱེད་སྟངས་སྤྱད་དེ་ནང་སའི་དགེ་རྒན་དང“མཉམ་ཞིབ་དང་མཉམ་སློབ”དང་ནང་སའི་སློབ་མ་དང“མཉམ་དུ་ཚད་ལེན་དང་མཉམ་དུ་དཔྱད་འདེམས”བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་དགུན་ཁའི་གུང་གསེང་རིང་། ཤང་དབྱང་བོད་སྐྱོར་ལས་དོན་རུ་ཁག་དང་འཕྱོངས་རྒྱས་རྫོང་སློབ་གསོ་སྡེ་ཚན་གྱིས་ཞིབ་འཇུག་བྱས་པ་བརྒྱུད། 2021ལོའི་དཔྱིད་དུས་ཀྱི་སློབ་དུས་གསར་པ་འགོ་ཚུགས་མ་ཐག་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ“ཁྱིམ་གྱི་སྒོ་རྩའི་ནང་སའི་བོད་ལྗོངས་འཛིན་གྲྭ”ཚོད་གཉེར་བྱས་ཏེ། “འགུལ་སྐྱོད་སློབ་མ”ནས“འགུལ་སྐྱོད་དགེ་རྒན”བར་བསྒྱུར་བར་བྱས་ནས། བོད་ཀྱི་ཕྲུ་གུ་དེ་བས་མང་བར་ནང་སའི་སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་འདུ་ཤེས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ཡོད། གདམ་གསེས་བྱས་པ་བརྒྱུད་སློབ་མ་30ཚང་མ་ཚོད་ལྟའི་འཛིན་གྲྭའི་ནང་སློབ་སྦྱོང་བྱ་རྒྱུ་བྱུང་ཡོད།