《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཉེ་དུས་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་2021ལོའི“ཁྲལ་བསྡུའི་དམངས་ཕན་གྱི་བྱ་བ་དངོས་བསྒྲུབས་ནས་སྒྱུར་བཅོས་གཏིང་ཟབ་ཀྱི་རྣམ་པ་གསར་པ་གཏོད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། གསར་འགོད་པས་གསར་འགྱུར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་བར། འདི་ལོའི“དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”(གཤམ་ལ“དཔྱིད་རླུང་བྱ་སྤྱོད”ཅེས་བསྡུ་རྒྱུ)ཡག་པོ་སྤེལ་ཆེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས《“ངས་ཁྲལ་གྲོན་འཇལ་མཁན་ལ་བྱ་བ་དངོས་སྒྲུབ་པ་དང་དམངས་ཕན་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད་སྤེལ་བའི”རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས། ཕྱོགས་ཡོངས་ནས་རིགས་ཆེན་པོ་13ཀྱི་རྣམ་གྲངས་40ཡི་དོན་ཚན་122ཡོད་པའི་དམངས་ཕན་བྱེད་ཐབས་བཏོན་ཡོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་དཔལ་འབྱོར་མཁས་ཅན་ལི་ཅན་ཆུན་གྱིས་ངོ་སྤྲོད་བྱས་པར། འདི་ལོའི“དཔྱིད་རླུང་བྱ་སྤྱོད”ནང་བཏོན་པའི་དམངས་ཕན་བྱེད་ཐབས་དེ་དག་རང་ལྗོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་གཏོང་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཡོད་པས། བོད་ཀྱི་ཁྱད་ཆོས་དེ་བས་ལྡན་པ་དང་། ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཆེ་བ་བྱས་ཡོད་ཅིང་། ནུས་ཤུགས་ཡོད་རྒུས་ཁྲལ་བསྡུའི་ཁྲིམས་འཛིན་གནད་འཕིགས་དང་། ཞབས་ཞུ་ཞིབ་ཚགས། ལྟ་འདོམས་གནད་འཕིགས། བསམ་པ་རྣམ་དག་གི་མཉམ་བཅོས་བཅས་ཡོང་བར་སྐུལ་འདེད་བཏང་ནས། འབད་བརྩོན་ཆེན་པོས་ཁྲལ་གྲོན་འཇལ་མཁན་བློ་ཡིད་ཧ་ཅང་ཚིམ་པའི་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

དེ་དང་ཆབས་ཅིག་ཁྲལ་འཇལ་བའི་ཁྲལ་སྒྲུབ་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་འཛིན་ཤོག་ཡག་ཏུ་གཏོང་བ་དང་། དཔྱད་གཞི་ཉུང་དུ་གཏོང་བ། ཁྲལ་དངུལ་ཕྱིར་སློག་མགྱོགས་པོ་སོགས་བཏོན་ནས་གཏོང་སྤྲོད་འབོ་དང་། སྐད་འཕྲིན། ཁ་པར་དངུལ་ཁང་གིAPPགཏོང་སྤྲོད་སོགས་བེད་སྤྱོད་ཁྱབ་གདལ་བཏང་བ་དང་ཁྲལ་དངུལ་ཕྱིར་སློག་གི་དམིགས་བསལ་ལས་སྒོ་ཕུད་ཁྲལ་དངུལ་ཕྱིར་སློག་གི་ལས་སྒོ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི“དཔྱིད་རླུང་བྱ་སྤྱོད”ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་ཤུགས་ཆེན་བྱས་ནས་ནུས་ཤུགས་ཡོད་རྒུས་ཁྲལ་གྲོན་འཇལ་མཁན་ཁྲལ་སྒྲུབ་གྲོན་བསྡུའི་བརྒྱུད་རིམ་ནང་གི་དཀའ་གནད་ཐག་གཅོད་བྱས་ཏེ་རེ་ཞུ་མགྱོགས་མྱུར་དང་ལེན་བྱེད་པ་དང་། སྲིད་ཇུས་མགྱོགས་མྱུར་ལོངས་སྤྱོད་ཐུབ་པ། ཁྲལ་སྒྲུབ་གྲོན་བསྡུ་སྟབས་བདེ་ཅན་དུ་འགྱུར་བ། ཁྲིམས་འཛིན་བྱེད་ཐབས་མི་གཤིས་ཅན་དུ་འགྱུར་བ་སོགས་ཀྱི་ཁྲལ་སྒྲུབ་གྲོན་བསྡུའི་སྟབས་བདེའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་དེས་ཁྲལ་གྲོན་འཇལ་མཁན་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གང་ལེགས་མཚོན་གྱི་ཡོད་པ་རེད།