《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

2020ལོར་བོད་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་116.7ཟིན་པ།

དུས་མཚུངས་ལས་122.29%འཕར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་གསལ། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་དྲ་ཐོག་ཚོང་དོན་ལས་རིགས་འཕེལ་རྒྱས་མགྱོགས་པོ་ཕྱིན་ནས་གྲུབ་འབྲས་བཟང་པོ་ཐོབ་ཅིང་། O2Oགྲངས་གཞིའི་དབྱེ་ཞིབ་ལྟར་ན་2020ལོར་ལྗོངས་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་116.7ཟིན་པ་དེ་དུས་མཚུངས་ལས་122.29%འཕར་ཡོད།

2020ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་ཁང་གི་བསྡོམས་འབོར་35782ཟིན་པ་དང་དྲ་ཐོག་ཚོང་ཁང་གི་ལས་མིའི་གྲངས་འབོར་ཁྲི་13.61ཟིན་ཡོད། མིག་སྔར་རང་ལྗོངས་སུ་ལྗོངས་ཡོངས་ལ་ཁྱབ་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྤྱིར་ན་བསྐྲུན་ཟིན་པ་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱིས་རྒྱལ་ནང་ཚོང་དོན་འཁོར་རྒྱུག་གིས་ཐོན་སྐྱེད་ལ་ཁྲིད་སྟོན་དང་འཛད་སྤྱོད་ལ་ཡར་སྐུལ་བྱེད་པའི་གལ་ཆེའི་ནུས་པ་གང་ལེགས་བཏོན་པ་དང་། རིགས་ཁག་གི་དྲ་ཐོག་ཚོང་དོན་གྱི་དཔེ་སྟོན་རྟེན་གཞི་དང་ཐོན་ལས་གླིང་ཁུལ་བསྐྲུན་པ་བརྒྱུད། ཐོན་ལས་གཅིག་སྡུད་མངོན་འགྱུར་བྱུང་ནས་ལས་གཏོད་ཁེ་ལས་ཀྱི་མ་གནས་དམའ་རུ་ཕྱིན་ཏེ་དྲ་ཐོག་ཚོང་དོན་དང་སྲོལ་རྒྱུན་ཐོན་ལས་མཉམ་འདྲེས་རྣམ་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་ཡོད།