《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月06日

ཆེ་དགྲ་ལྷས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྒྱལ་མཚན། ཀྲང་ཡན་ཆིང་། འཇམ་དཔལ། ཀྲང་ཧུང་པོ། ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་པ་རེད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། འདི་ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་བཅས་ཀྱི་ལོ་དང་པོ་དེ་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ་བཅས་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་། འཐབ་ཇུས་ཀྱི་ངེས་གནས། ཧུར་སེམས་ཆེན་པོ་བཅས་རྒྱུན་འཁྱོངས། དོན་ཆེན་བཞིར་འབད་བརྩོན་ཆེན་པོས་དམ་འཛིན་ཡག་པོ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དམིགས་ཏེ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤུས་ཚད་མཐོ་བའི་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གནད་དོན་ལ་དམ་པོར་དམིགས་པ་དང་། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་ཕན་འབྲས་ཆེར་གཏོང་གི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མ་ལག་གྲོང་གསེབ་དར་རྒྱས་ཕྱོགས་སུ་ཕྱོགས་ཡོངས་ནས་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། ནུས་ལྡན་མ་འཇོག་ལ་དམིགས་ཏེ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་མགྱོགས་སུ་གཏོང་བ་དང་། གླིང་ཁུལ་གྱི་གཅིག་སྡུད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དོན་དངོས་ཀྱི་ལས་འབོར་གང་མགྱོགས་ཆགས་པར་བྱེད་དགོས་པ། འཛད་སྤྱོད་ཀྱི་ཡར་སྐུལ་ལ་དམིགས་ཏེ། ས་གོ་ལའི་གླིང་སྣེ་གསུམ་པའི་སྤུས་རྟགས་གཏོད་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟེན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དུས་མཚམས་རང་བཞིན་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སྲོལ་རྒྱུན་གྱི་བསམ་གཞིག་ལས་བརྒལ་ནས་བློ་འདོན་ཇུས་འགོད་བྱེད་པ། གནད་སྨིན་ཇུས་བསྟར་བྱེད་པ། ཁྱད་ལྡན་ཐོན་ལས་ཀྱི་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕར་གཞི་གསར་པ་ཞིག་ཆགས་པར་བྱེད་དགོས་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་དམིགས་ཏེ། ཀྲུང་དབྱང་གི་བླང་བྱ་དང་ཡང་ཡང་བསྡུར་བ་དང་། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུར་དམ་པོར་དམིགས་ནས། ཚོང་གཉེར་ཁོར་ཡུག་ལེགས་སུ་དང་། དངུལ་རྩའི་མཁོ་སྤྲོད་གཏིང་ཟབ། གཙོ་རྒྱུའི་འགན་ལེན་ཤུགས་ཆེན་བཅས་བྱེད་དགོས་པ། ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ས་མཐོའི་སྐྱེ་དངོས་དང་། རིག་གནས་ཡུལ་སྐོར་ཐོན་ལས། དྭངས་གཙང་ནུས་རྒྱུ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལྗང་མདོག་བཟོ་ལས་དང་། དེང་རབས་ཞབས་ཞུ། གྲངས་གཞི་གསར་པ། མཐའ་མཚམས་ཉོ་ཚོང་གི་ཟོག་འགྲེམས་ཐོན་ལས་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ། ལས་ཞུགས་འབབ་འཕར་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་དམིགས་ཏེ། རྣམ་གྲངས་ནང་ལས་མི་བསྡུ་བ་དང་། ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ། རྟེན་གཞིས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། ཉེ་ཆར་པེ་ཅིང་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དུ་འཚམས་འདྲིར་བསྐྱོད་པ་དང་ཀྲུང་དབྱང་ཁེ་ལས་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་སྐབས་ཁ་གསལ་བཏོན་པའི་དོན་གནད་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལ་དམ་འཛིན་ཡག་པོ། འབྲེལ་ཡོད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་བཅས་བྱེད་པ་དང་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།