《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

རྒྱ་ཆེའི་སྨྱུག་ཐོགས་པར་ཞུ་མཆིད།

འདིར་ཆེད་དུ་རྒྱ་ཆེའི་སྨྱུག་ཐོགས་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་གསོལ། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་བཀྲ་ཤིས་རྫོགས་ལྡན་གྱི་ལོ་ཞིག་རེད། ལོ་འདི་དག་གི་ནང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ་སོགས་སྤྱི་ཚོགས་བྱ་གཞག་ཀུན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་མ་ཟད། བོད་འདི་ཡང་རྒྱལ་ཡོངས་མི་དམངས་དང་ལྷན་དུ་དབུལ་སྒྲོལ་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ནང་ཞུགས་བཞིན་མཆིས།

འདི་ག《རྩོམ་རིག་དགའ་ཚལ》པར་ངོས་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། འཕེལ་རྒྱས་ཀློང་གི་བོད་ལྗོངས་གསར་པ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་ཞུས་ཡོད་པས། ཁྱེད་རྣམས་ནས་གོང་གི་བརྗོད་དོན་དང་འཚམ་པའི་བརྩམས་ཆོས་གང་མང་གསོལ་རས་གནང་རྒྱུའི་རེ་འདུན་ཞུ་བ་ཡིན།

རྩོམ་སྒྲིག་ཁང་གི་ཡིག་སྒམ། xzrbwenyifukan@163.com

བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་ཁང་ནས།