《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月04日

མཁོ་སྤྲོད་སྦྲེལ་མཐུད་བྱས་ནས་ལས་ཞུགས་གནད་སྨིན་ཡོང་བར་བྱས་པ།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོར་ལས་ཞུགས་དེ་བས་བརྟན་པོ་དང་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མང་ཚོགས་ལ་ལས་གནས་སྦྲེལ་མཐུད་བྱེད་པ་དང་། རྫོང་དང་ཆུས་ཀྱི་ངལ་ནུས་ཀུང་སི་དང་། གྲོང་གསེབ་ཀྱི་ལས་མིའི་མཉམ་འབྲེལ་རུ་ཁག་བཙུགས་ནས་སྒྲིག་འཛུགས་རྣམ་པའི་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་རེ་རེ་བཞིན་སྤྱད་དེ་ངལ་ནུས་དབུལ་པོའི་རྨང་གཞིའི་ཆ་འཕྲིན་དེ་བས་གནད་སྨིན་ཡོང་བ་དང་། ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་དབུལ་སྐྱོར་བྱེད་སྟངས་དེ་བས་སྣ་མང་ཅན། ངལ་ནུས་དབུལ་པོ་ལས་ཞུགས་གཞན་སྒྱུར་གྱི་ལམ་སྲོལ་དེ་བས་ཚགས་ཚུད་པ་བཅས་ཡོང་བ་བྱས་ཡོད། འདི་ནི་འདམ་གཞུང་རྫོང་གིས་ཞིང་འབྲོག་པ་ཡུལ་གཞན་དུ་ལས་མིར་འགྲོ་མཁན་ལ་ཕེབས་སྐྱེལ་མཛད་སྒོ་འཚོག་བཞིན་པ།