《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月02日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པ་ལྷ་སར་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཞུས་ཁྲེང་ཚང་། ཐང་མིང་དབྱིང་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།

ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་ཉན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་སྐུད་མེད་གློག་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན)》གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་སེང་ཞུས་པ་དང་། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན་སྤྱིར་ན་ཆ་ཚང་པོ་བྱུང་བའི་ངོས་འཛིན་བྱས་པ་དང་ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག《ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་ལམ་སྲོལ》དང་《ལྷ་ས་གྲོང་ཁྱེར་གྱི་འགྱིག་སྣོད་དོ་དམ་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་སྒོ་ཁྱིའི་དོ་དམ་སྲོལ་ཡིག》བཅས་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་དང《〈ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་བཀོད་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་སྐོར་གྱི་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསལ་བཤད་ཉན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་སྙན་ཞུ་ཁག་སོ་སོར་བྱས་པ་རེད།

ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་རྫོང་དང་ཤང་རིམ་གཉིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེ་འདེམས་བསྐོའི་དུས་ཚོད་སྐོར་གྱི་གཏན་འབེབས(འཆར་ཟིན)དང་། རྫོང(ཆུས)མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་སྐོར་གྱི་གཏན་འབེབས(འཆར་ཟིན)རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྐོར་གྱི་གཏན་འབེབས(འཆར་ཟིན)ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་སྐབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་སྐོར་གྱི་གཏན་འབེབས(འཆར་ཟིན)བཅས་ཀྱི་གྲོས་གཞིའི་སྐོར་གྱི་ཀྲུའུ་རེན་ཚོགས་འདུའི་གསལ་བཤད་གསན་པ་རེད།

ཚོགས་འདུའི་ཐོག་2020ལོའི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞིབ་བཤེར་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་གཞིར་བཟུང་གནང་བའི་2020ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་པ་དང་། སྙན་ཞུའི་ནང་2020ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་པ་དང་། ཆུའི་ཁོར་ཡུག་སྤུས་ཚད་ཕྱོགས་ཡོངས་ནས་ཚད་གཞི་ལོན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་བརྟན་པ། འགྱེད་འཕྲོའི་ཁོར་ཡུག་གི་བདེ་འཇགས་དུས་བབ་བརྟན་པ། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་རྒྱུན་མཐུད་ལེགས་པ་བཅས་ཡོད་པ་དང་། འདི་ལོ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་གང་མགྱོགས་འཛུགས་པ་བཅས་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད།

(བསྟན་བློས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)