《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月02日

ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བོད་དུ་བཅའ་སྡོད་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་ཡིན་པ།

ལི་ཅཱ་ཡིས་གསུང་བཤད་གནང་བ། ཝུའུ་དབྱིང་ཅེས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་བ། སུན་རུའེ་པེའོ་དང་ཀྲོང་ཡན་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རྒྱལ་ཡོངས་ཀྱི་ཁག་དང་པོའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་14པ་བོད་དུ་བཅའ་སྡོད་བྱས་ནས་དུས་ཡུན་ཟླ་གསུམ་རིང་གི་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་རེད། ཚེས་30ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་14པའི་ཙུའུ་ཀྲང་ལི་ཅཱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་རྣམ་གཉིས་ཐུག་འཕྲད་འབྲེལ་མཐུད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བརྒྱུད་བསྒྲགས་གནང་བ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་འགན་དང་བཀོད་སྒྲིག་བརྡ་ཁྱབ་བཏང་བ་མ་ཟད། དེ་རྗེས་འཚོགས་པའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་གྱི་སྙན་ཞུའི་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་བ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སུན་རུའེ་པེའོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན། རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧོ་ཝུན་ཧའོ་དང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། ཀྲང་ཧུང་པོ། བསོད་དར། ཞ་ཁེ་ཆིན་བཅས་ཕེབས་ཡོད་པ་རེད།

ལི་ཅཱ་ཡིས་མཛུབ་སྟོན་གནང་དོན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་། ཆབ་སྲིད་ཐད་ནས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་དང་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། བློས་འགེལ་ཆོག་པ་བཅས་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་དང་། སྲིད་ཁྲིམས་དཔུང་ཁག་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མི་དམངས་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཡག་པོ་རྒྱག་པ་དང་སྲིད་ཁྲིམས་དཔུང་ཁག་གི་གཟུགས་བརྙན་བཟང་པོ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་དང་། སྲིད་ཁྲིམས་དཔུང་ཁག་གིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་སྙེག་པ་དང་དུས་རབས་གསར་པར་འགན་འཁྲི་དང་ལས་འགན་གཙང་སྒྲུབ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད།

ལི་ཅཱ་ཡིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ས་གནས་དེ་གའི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་པ་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ནི་འགན་འཁུར་བ་ཨང་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་དོན་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ཆབ་སྲིད་སློབ་གསོ་དང་། ཉེན་ཟོན་སློབ་གསོ། དཔའ་བོ་དཔེ་བཟང་བའི་སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སློབ་གསོ་བཅོས་སྒྲིག་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཟུང་འབྲེལ་ནུས་ལྡན་དང་གཅིག་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཝུའུ་དབྱིང་ཅེས་གསུངས་དོན། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་14པ་བོད་དུ་ཕེབས་ནས་ལྟ་སྐུལ་མཛུབ་ཁྲིད་གནང་རྒྱུ་ཡིན་པ་དེ་ནི་རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་ནུས་ལྡན་བཏང་བ་ཞིག་རེད་ལ། རང་ལྗོངས་ཀྱི་སྲིད་ཁྲིམས་ལས་དོན་ལ་ཕྱོགས་ཡོངས་ནས་གཟིགས་ཞིབ་གནང་བ་ཞིག་ཀྱང་རེད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད་པས་ང་ཚོས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་ལ་དངོས་ཕན་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱས་ནས་གཞོགས་འདེགས་དང་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་བླང་བྱར་ནན་པོར་གཞིགས་ནས་འཕྲལ་དུ་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲུབ་འབྲས་དེ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བ་བྱེད་དགོས་པ། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་སྒུལ་ཤུགས་སུ་བྱེད་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་བཅོས་སྒྲིག་དང་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དང་འགན་ལེན་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་ལས་དོན་དེ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སྤེལ་བ་དང་དངོས་འབྲེལ་དྲང་འབྲེལ་གྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས།