《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年04月01日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཐད་གནང་བའི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ཉེ་ཆར་པེ་ཅིང་དུ་བསྐྱོད་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་འཚམས་འདྲི་དང་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་འབྲེལ་མཐུད་གནས་ཚུལ་བརྡ་ཁྱབ་བཏང་བ། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ལས་དོན་ཐད་གནང་བའི་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྔོན་འགོག་གཙོ་བོར་འཛིན་པ་དང་། སྔོན་འགོག་དང་མི་སྐྱོབ་ཟུང་འབྲེལ་བྱེད་པ། ཕན་འབྲས་ཆེ་བའི་མེ་གསོད་མི་སྐྱོབ་བྱེད་པ། བདེ་འཇགས་ཨང་དང་པོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ། ཞན་ཆ་གང་མགྱོགས་སེལ་བ། སྔོན་ཇུས་མ་ལག་དང་ཆེད་ལས་དཔུང་ཁག་སོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱེད་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་དང་སྐྱེ་ཁམས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ལས་བགོས་ཁ་གསལ་དང་། འགན་འཁྲི་མི་ཐོག་ཏུ་འཁྱོལ་བ། ད་ཐེངས་ཀྱི་སྙན་སེང་སྦྲེལ་མཐུད་ཁྲོད་གསལ་སྟོན་བྱས་པའི་དོན་ཚན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པའི་འགན་ལེན་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ཚད་མེད་གནང་བར་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ན་ནིང་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དོན་ཐོག་ཏུ་འཁྱོལ་བའི་མ་དངུལ་སྒོར་དུང་ཕྱུར་595.55ཟིན་ནས་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་གཏོད། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གཏིང་ཟབ། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུར་དེ་བས་སྣང་ཆེན། ཚོང་འགུགས་མ་འདྲེན་གྱི་ཚོགས་ཆེན་གང་མགྱོགས་འཚོག་པ། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་ཐོན་ལས་ཆེན་པོ་བདུན་དང་གསར་སྤེལ་ཁུལ་ལ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། 《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱེད་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི“བཅོས་སྒྲིག་གསུམ་དང་མཐོར་གཏོང་གསུམ”གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ནུས་རྒྱུ་གསར་པའི་རླངས་འཁོར་བཀོལ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། ལྗང་མདོག་ཨར་སྐྲུན་གྱི་བཟོ་སྐྲུན་རྒྱུ་ཆ་དང་ལྗང་མདོག་བཟོ་སྐྲུན་ཁྱབ་གདལ་གཏོང་བ། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་གཙོ་གནད་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལག་བསྟར་པ་དང་དྲིལ་བསྒྲགས་པར་འགྱུར་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་སྤྱི་པའི་ཐོན་ཁུངས་ཉོ་ཚོང་དཀར་ཆག(2021ལོའི་པར་མ)》ལ་རྩ་དོན་ཐོག་ནས་མོས་མཐུན་བྱུང་སྟེ། “དྲ་བ་གཅིག་དང་ལས་སྟེགས་གསུམ”འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ“འཇུག་དགོས་རིགས་ངེས་པར་དུ་འཇུག་པ”དང“ལས་སྟེགས་ཕུད་གཞན་དུ་ཉོ་ཚོང་བྱེད་ས་མེད་པ”མངོན་འགྱུར་བྱས་ནས་སྤྱི་པའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ཕན་ནུས་དང་དྲང་སྙོམས་རང་བཞིན་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།