《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月31日

ཆེ་དགྲ་ལྷས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ལས་དོན་སྐུལ་འདེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཆེ་དགྲ་ལྷས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གི་ལས་དོན་སྐུལ་འདེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། ད་དུང་དག་ཐེར་ལས་འགན་ཁག་དོན་འཁྱོལ་བྱས་ཚུལ་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་སླར་ཡང་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་དང་པད་མ་དབང་འདུས། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། ཀྲང་ཡུང་ཙེ། ཀྲང་ཡན་ཆིང་། མོང་ཞའོ་ལིན། ཀྲང་ཧུང་པོ། ཕུར་བུ་དོན་གྲུབ་བཅས་ཞུགས་ཡོད་པ་རེད།

ཆེ་དགྲ་ལྷས་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་སྤེལ་ཚུན། ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐོར་གཟིགས་དག་ཐེར་ལས་དོན་ལ་བཀོད་སྒྲིག་ཐེངས་མང་གནང་ནས་བླང་བྱ་ཐེངས་མང་བཏོན་གནང་སྟེ། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་གནང་བ་རེད སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་གིས་བྱ་སྤྱོད་མགྱོགས་མྱུར་སྤེལ་བ་དང་། བཀོད་སྒྲིག་ཞིབ་ཚགས་བྱེད་པ། ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དག་ཐེར་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་བྱས་ཡོད་ཅེས་གསུངས་པ་རེད།

ཆེ་དགྲ་ལྷས་སྐོར་གཟིགས་ནི་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་གཟིགས་དག་ཐེར་ནི་ངེས་པར་དུ་ལེགས་འགྲུབ་བྱེད་དགོས་པའི“ཆབ་སྲིད་ཀྱི་ལས་འགན”དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ངེས་པར་དུ་ལན་ཡག་པོ་རྒྱག་དགོས་པའི“ཆབ་སྲིད་ཀྱི་འདྲི་ཤོག”དེ་ངེས་པར་དུ་བརྒྱུད་དགོས་པའི“ཆབ་སྲིད་ཀྱི་ཞིབ་བཤེར”བཅས་ཡིན་པ་ངོས་འཛིན་གང་ལེགས་བྱས་ནས་སྐོར་གཟིགས་དག་ཐེར་གྱི་དགོས་གཏུག་བསམ་པ་དང་འགན་འཁྲིའི་བསམ་པ་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་བ་དང་རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་ཏེ་བསམ་བློའི་ཐད་ནས་རྒྱུ་རྐྱེན་འཚོལ་བ་དང་། བྱ་སྤྱོད་ཐད་ནས་ཧེ་བག་འཚོལ་བ། གྲུབ་འབྲས་ཐད་ནས་མི་འདང་ས་འཚོལ་བ་བཅས་སྔར་ལས་ལྷག་པ་བྱེད་དགོས། གནད་དོན་ལ་ཐད་ཀར་ཕྱོགས་ནས་དམ་འཛིན་དངོས་དང་དག་ཐེར་དངོས་བྱས་ནས་རྒྱུན་མཐུད་གཏིང་ཟབ་དང་། གཅིག་ཤེས་ཀུན་གྲོལ། རྩ་ལག་མཉམ་བཅོས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། དུས་ཚོད་རེའུ་མིག་དང་། ལམ་ཐིག་ས་ཁྲ། ལས་འགན་ཡི་གེ་བཅས་ལ་གཞིགས་ནས་ཁ་བཤད་ལག་བསྟར་དང་མཁྲེགས་སར་གཏུག་པ་བཅས་བྱེད་པ། སྒྱུར་བཅོས་ཟབ་གཏོང་དང་། ཞན་ཆ་སེལ་བ། ལམ་སྲོལ་འཐུས་ཚང་བཅས་སྔར་བས་ཡོང་བར་བྱས་ཏེ་ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་ཚུར་ལན་གནང་བའི་བསམ་འཆར་རེ་རེ་བཞིན་ལ་དག་ཐེར་གནད་འཁེལ་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སློབ་གསོ་སྤེལ་རྗེས་དད་སེམས་དང་། ཆོད་སེམས། ཡིད་ཆེས་བཅས་ཆེ་རུ་ཕྱིན་པ་དེ“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་སྐུལ་འདེད་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ཟུང་འབྲེལ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མ་དངུལ་དང་རྣམ་གྲངས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱེད་པ་དང་། ལྷག་པར་དུ་དབུལ་པོ་བསྐྱར་ལོག་དང་དབུལ་པོ་མ་ཆགས་སྔོན་འགོག་བྱེད་པའི་ཞིབ་དཔྱད་དང་། སྔོན་བརྡ། རོགས་སྐྱོར་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མ་ལག་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ལྟ་བསྡུར་ཞིབ་བཤེར་དང་། དབྱེ་ཞིབ་བསམ་གཞིག དག་ཐེར་དོན་འཁྱོལ། ལམ་ལུགས་འཐུས་ཚང་སོགས“མཇུག་འཕྲོའི་ལས་དོན”ནན་ཏན་ངང་ཡག་པོ་བསྒྲུབས་ཏེ་རུལ་སུངས་བྱེད་མི་རུང་བའི་ལམ་ལུགས་ཀྱི་རླུང་ཙི་དམ་དུ་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དག་ཐེར་གྱི་འགན་འཁྲི་ནན་ཏུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་དང་འགན་འཁྲི་བདའ་འདེད་ལ་དམ་འཛིན་ནན་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་སྐོར་གཟིགས་དག་ཐེར་རྒྱུན་མཐུད་ངང་གཏིང་ཟབ་ཕྱོགས་སུ་སྤེལ་ཏེ་དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་དང་། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བའི་འགན་ལེན། མི་དམངས་མང་ཚོགས་ཚོ་དེ་བས་བློ་ཡིད་ཚིམ་པོ་ཡོང་བའི་འགན་ལེན་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)