《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

ཀུན་གྱིས་དོ་སྣང་བྱེད་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་ལོ་དང་ཏག་ཏག་འཁེལ་བའི་མཚམས་སུ། ང་ཚོ་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་རྟེན་འབྲེལ་ཞུ་བའི་དྲན་གསོའི་ཉིན་མོ་བསུས་པ་རེད། བོད་གསར་པར་འཚར་ལོངས་བྱུང་བའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞིག་དང་སློབ་གསོའི་ཁྱིམ་རྒྱུད་དུ་སྐྱེས་པའི་ཏང་ཕྱིའི་ཤེས་ཡོན་ཅན་གྱི་འཐུས་མི་ཞིག་ཡིན་པའི་ངས་བོད་ཀྱི་སློབ་གསོ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་དངོས་སུ་བརྒྱུད་མྱོང་ཡོད། དེ་རིང་འདི་གར་བཞུགས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་62འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་རྒྱུ་བྱུང་བར་དོན་སྙིང་ཆེ་ལ་མྱོང་ཚོར་ཧ་ཅང་ཟབ། “3·28”ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་ནི་ང་ཚོ་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ནམ་ཡང་བློ་ལ་ངེས་དགོས་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་རེད།

ཚང་མས་ཤེས་གསལ་ལྟར། ལོ་62གོང་གི་བོད་རྙིང་པ་ནི་ཡུན་རིང་ཆོས་སྲིད་ཟུང་འབྲེལ་དང་དགེ་འདུན་པ་དང་སྐུ་དྲག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་སུ་གནས་པ་དང་། མངའ་བདག་ཆེན་པོ་གསུམ་གྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཁག་ཚང་མ་སྒེར་སྡེམ་བྱས་ཡོད། སྐབས་དེ་དུས་བོད་དུ་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་ལ་མཐོ་རིམ་སློབ་གསོ་ཟེར་བ་དེ་བས་གླེང་ཐབས་བྲལ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཀྱང་ཟིན་གྱི་མེད་པ་དང་། ཡིག་རྨོངས་95%ཡན་ཟིན་ཡོད།

(པར་ངོས་དྲུག་པར་གཟིགས)

(པར་ངོས་ལྔ་པར་མཐུད) སློབ་གསོ་དང་ལེན་བྱེད་ཐུབ་མཁན་ཚང་མ་སྐུ་དྲག་དང་ཕྱུག་པོའི་བུ་ཕྲུག་ཡིན་པས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་མི་ལུས་རང་དབང་མེད་པ་དང་ཐ་ན་ལྟོས་གྲོད་པ་ཡང་མི་རྒྱགས་པར་བརྟེན་རིག་གནས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་རྩ་བ་ནས་གླེང་ཐབས་བྲལ། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་ཁྲོད་འཚོ་བ་སྐྱེལ་བཞིན་པའི་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཏེ་བོད་དུ་ལོ་ངོ་སྟོང་ལ་ཉེ་བ་རྒྱུན་མཐུད་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཟོས་པས་མཐོ་རིམ་དབང་སྒྱུར་གྲལ་རིམ་ཉུང་ཤས་ཤིག་གིས་རིག་གནས་སློབ་གསོ་སྒེར་སྡེམ་བྱེད་་པའི་ལོ་རྒྱུས་ཡང་མཇུག་བསྒྲིལ། རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་རྣམས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། བསམ་བློ་སོགས་ཐད་བཅིངས་འགྲོལ་མཐར་ཕྱིན་པ་ཐོབ་ནས་སློབ་གསོ་དང་རིག་གནས་སྒེར་གཅོད་ཀྱི་འཆིང་རྒྱ་ལས་རྦད་དེ་ཐར་ཏེ་སློབ་གསོ་དང་ལེན་བྱེད་པའི་དབང་ཆར་འགན་ལེན་གང་ལེགས་བྱུང་ཡོད་ལ་བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས། སློབ་གསོའི་བྱ་གཞག་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་བྱུང་ནས་ལས་རིགས་ཁག་ཏུ་འབད་འཐབ་བྱེད་ཅིང་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དང་། ཚན་རིག་ཞིབ་འཇུག་པ། སློབ་ཁྲིད་ཀྱི་སྣེ་ཁྲིད་མི་སྣ་བཅས་ཁག་དང་ཁག་གསོ་སྐྱོང་བྱས་ཡོད། ཁོང་ཚོའི་ཁྲོད་ཀྱི་མང་ཆེ་བ་ནི་ཞིང་བྲན་གྱི་རྗེས་རབས་པ་ཡིན་པས་དེ་ནི་མི་རབས་ནས་མི་རབས་བར་ཞིང་བྲན་གྱི་ཕ་མེས་ཚོས་བསམ་པའི་ཡུལ་་་དུའང་འཁོར་མྱོང་མེད་པའི་བྱ་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་ཀྱི་མགོན་སྐྱབས་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མགོན་སྐྱབས་ཆེན་པོ་ཞིག་རེད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་གནས་ལུགས་ཟབ་མོ་དོན་དངོས་ལས་ར་སྤྲོད་ཡང་ཡང་བྱུང་ཡོད།

ང་རང་གི་འཚར་ལོངས་དང་ལས་ཀའི་བརྒྱུད་རིམ་ཁྲོད་ནས་གུང་ཁྲན་ཏང་མེད་ན་ང་ཚོའི་ད་ལྟའི་ཐམས་ཅད་མེད་པ་ཟབ་མོ་ཚོར་བྱུང་། སྟབས་ལེགས་པ་ཞིག་ལ་ང་རང་སྐྱེས་དུས་བོད་ཞི་བས་བཅིངས་འགྲོལ་བཏང་ཟིན་པས་སློབ་གསོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་བྱུང་། ང་རང་ལྷ་ས་ནས་སློབ་ཆུང་དང་སློབ་འབྲིང་ཐོན་རྗེས་པེ་ཅིང་དུ་སློབ་ཆེན་འགྲིམས་པ་ཡིན། ངས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྔ་རྗེས་སུ་ལོ་དྲུག་སློབ་སྦྱོང་བྱས་པ་ཡིན། ཆུང་དུས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རིག་གནས་ཁོར་ཡུག་ཁྲོད་འཚོ་བ་བསྐྱལ་བ་དང་། མི་རིགས་མི་འདྲ་བའི་དགེ་རྒན་གྱི་བཀའ་སློབ་འོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་རྒྱུར་རྨང་གཞི་བཏིང་ཡོད་ལ་སླད་ཕྱིན་བོད་རིག་པ་ཞིབ་འཇུག་དང་སློབ་ཁྲིད་ཐད་ཤེས་བྱ་ཕུན་སུམ་ཚོགས་པོ་ཡང་བསགས་ཡོད། སློབ་གྲྭ་ཐོན་རྗེས་བོད་ལྗོངས་སློབ་ཆེན་དུ་ལས་བགོས་བརྒྱབ་ནས་དགེ་རྒན་ཞིག་བྱས་པ་མ་ཟད། དགེ་རྒན་ཆེ་མོ་བ་དང་རྒྱལ་སྤྱིའི་ཐོག་སྐད་གྲགས་ཡོད་པའི་བོད་རིག་པ་ཞིབ་འཇུག་གི་ལས་དོན་པར་གྱུར་བྱུང་། རང་ཉིད་རྒྱལ་སྤྱིའི་བོད་རིག་པའི་འཆད་སྟེགས་ཐོག་ལངས་རིམ་བཞིན་རང་ཉིད་ནི་བོད་གསར་པར་གསོ་སྐྱོང་བྱུང་བའི་མཁས་དབང་ཞིག་ཡིན་པར་སྤོབས་སེམས་སྐྱེ་གི་འདུག ད་ཆའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རིག་གནས་དར་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་ཡོད་པས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་ལ་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཀྱང་རེད། བདེ་སྐྱིད་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ང་ཚོས་གཅེས་སྤྲས་གང་ལེགས་བྱེད་པ་དང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།