《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

བོད་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི“གསར་གཏོད་ལས་གཏོད་ཀྱིས་ལང་ཚོའི་གསོན་ཤུགས་རྒྱས་འབད་བརྩོན་ཧུར་བསྐྱེད་ཀྱིས་ཏང་གི་བཀའ་དྲིན་འཇལ”ཞེས་པའི་བོད་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་སྔོན་ཐོན་དཔེ་མཚོན་གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་གཉེར་འགོ་བཙུགས་ཤིང་། བྱེད་སྒོའི་དམིགས་ཡུལ་ནི་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟིཌ་སྐྱོང་སྲིད་ཇུས་དྲིལ་བསྒྲཌ་དང་། གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་འཐུས་མི་དྲིལ་བསྒྲགས་བྱས་ཏེ། སློབ་ཆེན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། སློབ་སྦྱོང་ལ་འབད་བརྩོན་དང་གསར་གཏོད་བྱེད་ཕོད་པའི་སློབ་གྲྭའི་ཁོར་ཡུག་ཅིག་ཆགས་པར་བྱས་ཏེ་སློབ་ཆེན་སློབ་མར་ཐབས་ལམ་མང་པོ་ནས་ལས་ཞུགས་ལས་གཏོད་ཐུབ་རོགས་བྱེད་རྒྱུ་དེ་རེད།

ཤེས་རྟོགས་བྱས་པ་ལྟར་ན། སྒྲོག་འགྲེལ་ཚོགས་པས་ཟླ་3ཚེས་24ཉིན་ནས་ཟླ་4ཚེས་1ཉིན་རིང་ལྗོངས་ཡོངས་ཀྱི་མཐོ་སློབ་ཁག་དང་འབྲིང་རིམ་ལས་རིཌ་སློབ་གྲྭ་ཁག་གཅིག་ཏུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་རྒྱུ་རེད།