《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ ཐོབ་པའི་དྲན་གསོ་ཁང་གསར་པ་སྒོ་ཕྱེ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཟླ་3ཚེས་28ཉིན་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་སྒོ་ཕྱེ་བ་རེད། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་ལས་བྱེད་པ་དང་མང་ཚོགས་ཚོས་ལྟ་སྐོར་བྱས་ཤིང་། ཚང་མས་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་འགྲེམས་སྟོན་ལ་བལྟས་ཏེ་འགྱུར་ལྡོག་ཆེ་ལ་ཟིལ་རླབས་དགུང་འཕྱུར་གྱི་ལོ་ཟླ་བསྐྱར་དྲན་བྱས་པ་རེད།

བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གསར་པ་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་རིགས་ལྷོ་ལམ་གྱི་སྒོ་རྟགས་2པར་གནས་ཡོད། དྲན་གསོ་ཁང་དེར་ཁྱོན་འགྲེམས་ཁང་6ཡོད་པ་དང་འགྲེམས་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་2700ཡོད་པ་རེད།