《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ཆབ་མདོས་རང་སྐྱོང་ལྗོངས་རིམ་པའི་བུད་མེད་དང་བྱིས་པའི་རྒྱལ་གཅེས་སློབ་གསོའི་རྟེན་གཞི་གསུམ་གྱི་སྒོ་བྱང་བཀལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་གིས་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་སློབ་གསོའི་རྟེན་གཞི(ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་དང་། ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་། འཇོ་མདའ་རྫོང་དམག་སྡེ་བཅོ་བརྒྱད་པས་གཙང་པོ་བརྒལ་བའི་རྗེས་ཤུལ་གྱི་དྲན་གསོ་ཁང)3ཚང་མར་སྒོ་བྱང་འགེལ་བའི་ལས་དོན་ལེགས་གྲུབ་ཟིན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱིས་ད་ཐེངས“བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི”10ལ་སྒོ་བྱང་བཀལ་བ་དང་། རྟེན་གཞི་དེ་དག་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཡུལ་དང་གསར་བརྗེའི་རྗེས་ཤུལ་སློབ་གསོ་གཏོང་ཡུལ་གལ་ཆེན་ཞིག་དང་། ལོ་རྒྱུས་སློབ་སྦྱོང་དང་སྙིང་སྟོབས་རྒྱུན་འཛིན་བྱེད་པའི“སློབ་ཁང”གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།