《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ལྗོངས་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྗོངས་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ལྷ་སར་བཞུགས་པའི་སྲིད་གྲོས་སློབ་གསོ་ལུས་རྩལ་རིགས་ཁོངས་དང་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་ཀྱི་ཨུ་ཡོན་གྱི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མྱོང་ཚོར་ལྷུག་གླེང་དང་བགྲོ་གླེང་གཏིང་ཟབ་བྱས་པ་རེད།

ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་ཏུའུ་ཅན་ཀུང་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

སློབ་སྦྱོང་ཚོགས་འདུའི་ཐོག་ཨུ་ཡོན་ཚོས་རང་ཉིད་ཀྱི་ལས་ཀའི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་གལ་ཆེན་གནང་བ་ལས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་སྲིད་འཛིན་གྱི་འདུ་ཤེས་གང་ལེགས་མངོན་ཡོད་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལྷག་པར་དུ་གསོ་རིག་སྨན་རྫས་འཕྲོད་བསྟེན་རིགས་ཁོངས་དང་སློབ་གསོའི་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འགན་འཁྲི་ཁུར་སེམས་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པའི་ངོས་འཛིན་བྱས་པ་རེད།