《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月30日

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།

《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་ཐག་གཅོད་གཏན་འབེབས(ཚོད་ལྟའི་ལག་བསྟར)》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་ཐག་གཅོད་གཏན་འབེབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཏན་འབེབས་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། རྩ་འཛུགས་ཀྱི་ཐག་གཅོད་ནི་ལས་བྱེད་པར་སློབ་གསོ་གཏོང་བ་དང་ལས་བྱེད་པར་དོ་དམ་བྱེད་པའི་བྱེད་ཐབས་དགོས་ངེས་ཤིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། 《གཏན་འབེབས》ནི་རྩ་འཛུགས་ཀྱི་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་དང་། རྩ་འཛུགས་ཀྱི་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་དང་ཚད་ལྡན་དུ་གཏོང་བ། རྩ་འཛུགས་ཀྱི་ཐག་གཅོད་དང་སྒྲིག་ཁྲིམས་ཀྱི་ཆད་གཅོད་དང་། བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་བ། དེ་བས་འཐུས་སྒོ་ཚང་བའི་ལས་བྱེད་པའི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་འཛུགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་བསྟན་ཡོད།

བརྡ་ཐོའི་ནང་། རིམ་ཁག་ཏང་ཨུད(ཏང་ཙུའུ)དང་དེའི་རྩ་འཛུགས(མི་དོན)སྡེ་ཚན་གྱིས་རྩ་འཛུགས་ཀྱི་ཐག་གཅོད་ལས་དོན་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་སྟངས་འཛིན་བྱེད་པ་དང་། ལག་བསྟར་ལམ་ལུགས་ཀྱི་གཏན་འབེབས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། རྩ་འཛུགས་ཀྱི་ཐག་གཅོད་ལས་དོན་གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ལག་བསྟར《གཏན་འབེབས》ནང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

《གཏན་འབེབས》ནང་ཁྱོན་དོན་ཚན་བཅུ་དགུ་ཡོད་པ་དང་། དེའི་ནང་གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ཚུད་ཡོད་པ་སྟེ། གཅིག་ནི་རྩ་འཛུགས་ཀྱི་ཐག་གཅོད་ཀྱི་མཛུབ་ཁྲིད་བསམ་བློ་དང་། བྱ་ཐབས། རྩ་དོན། སྤྱོད་ཡུལ་སོགས་ཁ་གསལ་བཟོས་ཡོད་པ་དང་། གཉིས་ནི་རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའི་སྤྱོད་གོ་ཆོད་པའི་གནས་ལུགས་དང་དེ་བཞིན་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་མི་དགོས་པ་ཁ་གསལ་བཟོས་ཡོད། གསུམ་ནི་རྩ་འཛུགས་ཀྱི་ཐག་གཅོད་ཀྱི་གོ་རིམ་དང་། ཤུགས་རྐྱེན་ཐེབས་ཡུན། རྒྱུ་མཚན་ཞུ་འབུལ། ཡོ་བསྲང་སོགས་གཏན་འབེབས་བྱས་ཡོད། བཞི་ནི་རྩ་འཛུགས་ཀྱི་ཐག་གཅོད་ཀྱི་ཡིག་རིགས་དཔྱད་གཞི་བཟོ་བ་དང་ཉར་ཚགས་བྱེད་པ་དང་། རྩ་འཛུགས་ཀྱིས་ཐག་གཅོད་བྱས་པའི་ལས་བྱེད་པའི་རྗེས་མཐུད་དོ་དམ་དང་བསྐྱར་སྤྱོད་སོགས་གཏན་འབེབས་བྱས་ཡོད།

རྩ་འཛུགས་ཀྱི་ཐག་གཅོད་གོ་རིམ་ཐད《གཏན་འབེབས》ནང་འགོ་ཁྲིད་ལས་བྱེད་པར་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་དང་། བརྟག་དཔྱད་ཞིབ་བསྡུར་བྱེད་པ་དང་། ཐག་གཅོད་བསམ་འཆར་འདོན་པ། ཞིབ་འཇུག་གཏན་འབེབས་བྱེད་པ། ཡོངས་བསྒྲགས་ལག་བསྟར་བྱེད་པ་བཅས་ལྷུ་ཚིགས་བཞིར་གཞིགས་དགོས། ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་དང་རིམ་དབྱེའི་འགན་འཁུར་དང་། དངོས་ཐོག་བདེན་འཚོལ། སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལ་བརྟེན་པ་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས(མི་དོན)སྡེ་ཚན་གྱིས་བརྟག་དཔྱད་ཞིབ་བསྡུར་བྱས་ཚུལ་ལམ་ཡང་ན་སྒྲིག་བསྟར་ཁྲིམས་བསྟར་སོགས་ལས་ཁུངས་ཀྱིས་གཏན་འཁེལ་བྱས་འབྲས་དང་། འབྲེལ་ཡོད་གྲོས་འགོ དེ་བཞིན་འགོ་ཁྲིད་ལས་བྱེད་པའི་ཐོག་མཐའ་བར་གསུམ་གྱི་མཚོན་ཚུལ་དང་། ནོར་འཁྲུལ་ངོས་ལེན་དང་ཡོ་བསྲང་སོགས་བྱས་ཚུལ་ལ་གཞིགས་ནས་རང་ངོས་དང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་གཞིག་བྱས་ཏེ། རྩ་འཛུགས་ཀྱི་ཐག་གཅོད་བསམ་འཆར་ཞིབ་འཇུག་བྱས་ཏེ་བཏོན་ནས་ཏང་ཨུད(ཏང་ཙུའུ)ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་འབུལ་དགོས།(པར་ངོས་གསུམ་པར་གཟིགས)