《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月26日

རང་ལྗོངས་ཀྱིས་རྣམ་གྲངས་ཀྱི་སྐུལ་ཁྲིད་ལས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་བ།

འདི་ལོ་མི་ཁྲི་30ཡན་ལས་ཞུགས་གཞན་སྒྱུར་ཐུབ་པར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱིས《སྒྲིག་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་གཞན་སྒྱུར་དང་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་པ་མུ་མཐུད་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། 《བསམ་འཆར》ནང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྔར་བས་སྐུལ་འདེད་བཏང་ནས་ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་མ་གཏོང་ཆེད། འདི་ལོ་རང་སྐྱོང་ལྗོངས་ཀྱིས་རྣམ་གྲངས་ཀྱི་སྐུལ་ཁྲིད་ལས་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། 2021ལོར་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་ལས་ཞིང་འབྲོག་པ་ཁྲི་30ཡན་ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་ཁྲིད་དང་ངལ་ནུས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་25ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་རེད།

《བསམ་འཆར》ནང་། གྲོང་ཁྱེར་དང་ས་ཁུལ་ཁག་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་ཁག་གིས་རྣམ་གྲངས་ནང་ལས་མི་བསྡུ་བ་དེ་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཐུབ་པའི་ཐབས་ལམ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རང་ལྗོངས་སུ་ལག་བསྟར་བྱས་པའི་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། གཏེར་ཁ་ཐོན་ཁུངས་གསར་སྤེལ་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་འཛུགས་སྐྲུན་ཐད། གྲོང་ཁྱེར་དང་ས་ཁུལ་ཁག་དང་། དེ་བཞིན་རྫོང་དང་ཆུས་སྲིད་གཞུང་གིས་གཏོགས་ཁོངས་ཀྱི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། རྣམ་གྲངས་ནང་ལས་མི་བསྡུ་བའི་གྲངས་འབོར་དང་ལས་མི་དཀོན་པའི་གནས་ཚུལ་འཚོལ་བསྡུ་བྱེད་པ་དང་། སྔོན་ཚུད་ནས་འབྲེལ་མཐུད་ཡག་པོ་བྱས་ཏེ་འཆར་གཞི་ཡོད་པའི་སྒོ་ནས་ཞིང་འབྲོག་པ་དང་ཞིང་འབྲོག་པའི་ལས་གྲྭའི་འཕྲུལ་ཆས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐུབ་པའི་སྒྲིག་འཛུགས་བྱས་ཏེ། 2021ལོའི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་ཁྲོད། རང་ལྗོངས་ཀྱི་ལས་མི་བསྡུ་ཚད་དེ་ལས་གྲྭའི་ལས་མིའི་བསྡོམས་འབོར་གྱི་45%ཡན་ཟིན་པའི་འགན་ལེན་བྱེད་དགོས་པ་ཁ་གསལ་བཟོས་ཡོད་པ་རེད།