《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་3ཚེས་22ཉིན་ནས་ཟླ་3ཚེས་28ཉིན་བར)

གཟའ་ཟླ་བར། ཉིང་ཁྲིའི་ཤར་ལྷོའི་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས(ཆར་པ)སིམ་སིམ་ནས་འབྲིང་བའི་བར་འབབ་རྒྱུ། མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་གནམ་འཐིབས་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ།

གཟའ་མིག་དམར་དང་ལྷག་པར། མངའ་རིས་ཀྱི་ལྷོ་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། ཉིང་ཁྲི་དང་ནག་ཆུའི་ཤར་རྒྱུད་དང་ཆབ་མདོར་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ།

གཟའ་ཕུར་བུ་དང་པ་སངས་ལ་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། ནག་ཆུའི་དབུས་ཤར་རྒྱུད་དང་ཆབ་མདོ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་ཤུར་དུ་གནམ་འཐིབས་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ།

གཟའ་སྤེན་པ་དང་ཉི་མར། ཉིང་ཁྲིར་གནམ་འཐིབས་ནས་ཆར་པ་སིམ་སིམ་འབབ་རྒྱུ། དེ་མིན་ས་ཁུལ་དུ་གནམ་དྭངས་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ་དང་། དྲོད་ཚད་4~8℃བར་ཆག་རྒྱུ།

གཟའ་འཁོར་འདིར་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་བཅས་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་ཤུར་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

གཉིས། གྲོས་འགོ།

1.གཟའ་འཁོར་འདིར་ཆར་ཆུ་འབེལ་བས་ས་བབ་མཐོ་བའི་ལམ་དུམ་དུ་གངས་གསོག་ཐེབས་ནས་འཁྱག་པ་ཐེབས་ཉེན་ཆེ་བས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། ཤར་རྒྱུད་དུ་གངས་རྡིབ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་ཞོར་སྐྱོན་ཐོན་པའི་ཉེན་ཁ་ཆེ་རུ་ཕྱིན་པས་དོགས་ཟོན་བྱེད་དགོས།

2.གཟའ་འཁོར་འདིར་ཆར་ཆུ་འབེལ་བས་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལུང་ཤུར་གྱི་ཞིང་ཁུལ་དུ་དཔྱིད་རྨོད་དཔྱིད་གྲབས་ལ་ཕན་པ་ཡོད།