《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

“ལོ་ལྔ་ཚན་བཅུ་གསུམ་པར”ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་2021ལོའི་ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་ལས་དོན་ཚོགས་འདུ་དང་དམངས་ཡོངས་ལུས་སྦྱོང་ལས་དོན་གྱི་མཉམ་བཞུགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་2020ལོའི་ལས་དོན་གྱི་གནས་ཚུལ་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་དང་འབྲེལ། 2021ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལུས་སྦྱོང་གི་སྒྲིག་ཆས་ཐད། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་བྱེད་སྒོའི་ལྟེ་གནས་9དང་། ཞིང་འབྲོག་པའི་ལུས་རྩལ་ལུས་སྦྱོང་བྱེད་ས་90 སློབ་གྲྭ་འབྲིང་ཆུང་དུ་ར་སྐོར་རྣམ་པའི་རྐང་རྩེད་སྤོ་ལོ་ཐང་30 རྫོང་རིམ་པའི་སྤྱི་པའི་ལུས་རྩལ་ཐང་2 མི་ལྔ་ཡི་ར་སྐོར་རྣམ་པའི་རྐང་རྩེད་སྤོ་ལོ་ཐང་19བཅས་བཙུགས་པ་དང་། སྲིད་འཛིན་གྲོང་ཚོ་53ལ་ལུས་སྦྱོང་གི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། ལྷ་སའི་གཙང་འགྲམ་ལུས་རྩལ་སྤྱི་གླིང་དང་སྔགས་པ་གླིང་ཁ་ལུས་སྦྱོང་བྱེད་སྒོའི་ཐང་ཆེན། ཆུ་མིག་ལམ་ལུས་རྩལ་སྤྱི་གླིང་བཅས་བསྐྲུན་ཟིན་པ། རྫོང་རྒྱབ་ཀླུ་ཁང་དམངས་ཡོངས་ལུས་སྦྱོང་བྱེད་སའི་དཔེ་སྟོན་ཁུལ་དུ་རིམ་སྤོར་སྒྱུར་བཀོད་བཅས་བྱས་ཡོད། དེ་དང་དུས་མཚུངས་ཁྱོན་རྣམ་གྲངས་157ལ་སྐུལ་འདེད་བཏང་ཡོད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ད་ཡོད་ལུས་རྩལ་བྱེད་སྒོ་སྤེལ་ས་1206ཡོད་ཅིང་། དེ་དག་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1417262ཟིན་པ་དང་ཆ་སྙོམས་བྱས་ན་མི་རེར་ལུས་སྦྱོང་བྱེད་སའི་རྒྱ་ཁྱོན་སྨི་ངོས་གྲུ་1.89ཡོད་པ་རེད།