《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月23日

ལས་སྟེགས་བསྐྲུན་ནས་ལས་ཞུགས་འགན་ལེན་བྱེད་པ།

ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་སྒྲུབ་འགན་འཁུར་བ། ཁྲོམ་གཞུང་ཁག་གི་དོན་གཅོད་ཁྲུའུ་ཡིས་སྒྲུབ་རོགས་བྱས་པའི་2021ལོའི“དཔྱིད་རླུང་བྱ་སྤྱོད”ཅེས་པའི་ལས་མི་བསྡུ་བའི་འདུ་ཚོགས་ཆེ་མོ་གཉེར་ནས་རིགས་ཁག་གི་གཙོ་གནད་ཚོགས་སྤྱི་དང་མི་སྤྱོད་ཚན་པར་ལས་ཞུགས་མཁོ་སྤྲོད་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ཞིང་། ལས་མི་བསྡུ་བའི་འདུ་ཚོགས་ལ་མཐོ་སློབ་སློབ་ཐོན་སློབ་མ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱི། དམག་ཞབས་ཐིམ་པའི་དམག་མི་སོགས་མི་1000ལྷག་ཙམ་ཞུགས་ནས་ས་གནས་ས་ཐོག་ཏུ་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཁག་1031བྲིས་པར་མི་243གྱིས་ལས་ཞུགས་ཀྱི་འདོད་མཐུན་ལ་མིང་ཐོ་བཀོད་ཡོད་ཅིང་། འདི་ནི་ལས་ཀ་འཚོལ་མཁན་གྱིས་ལས་མི་བསྡུ་བའི་ཆ་འཕྲིན་འདྲི་བཞིན་པ།