《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月21日

རི་ལན་གྱི་མྱུར་བགྲོད་ལྕགས་ལམ་ཆུས་ཧྥུའུ་ནས་ཧོ་ཙེ་བར་གྱི་དུམ་བུར་ལྕགས་ལམ་འདིང་འགོ་ཚུགས་པ།

↑ཉེ་ཆར། རི(ཀྲའོ)ནས་ལན(ཁའོ)བར་གྱི་མྱུར་བགྲོད་ལྕགས་ལམ་ཆུས་ཧྥུའུ་ནས་ཧོ་ཙེ་བར་གྱི་དུམ་བུར་ལྕགས་ལམ་འདིང་འགོ་ཚུགས་པ་རེད། རི་ལན་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་ལམ་དུམ་དབྱེ་ནས་འཛུགས་སྐྲུན་བྱེད་ཐབས་སྤྱད་དེ་རི་ཀྲའོ་ནས་ཆུས་ཧྥུའུ་བར་གྱི་ལམ་དུམ་དུ་2019ལོའི་ཟླ་11ཚེས་26ཉིན་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་ཡོད།

རི་ལན་མྱུར་བགྲོད་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་འབྲེལ་མཐུད་ལྕགས་ལམ་གལ་ཆེན་ཞིག་རེད། བསྐྲུན་ཟིན་རྗེས་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། མཚོ་སྔོན་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཀྲེན་ཀྲོའུ་ནས་ཞུས་ཀྲོའུ་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་སོགས་རྒྱལ་ཁབ་ཀྱི་ལྕགས་ལམ་ཨ་མ་དང་མཉམ་འབྲེལ་མཉམ་མཐུད་ཐུབ་རྒྱུ་མ་ཟད། ཧྲན་ཏུང་ལྷོ་རྒྱུད་དང་ཧྲན་ཏུང་ལྷོ་ནུབ་ས་ཁུལ་ཀྱི་མང་ཚོགས་ཚོའི་འགྲོ་སྐྱོད་ལའང་སྟབས་བདེ་ཡོང་རྒྱུ་རེད། འདི་ནི་རི་ལན་མྱུར་བགྲོད་ལྕགས་ལམ་ཧྲན་ཏུང་ཅཱ་ཞང་རྫོང་གི་ལྕགས་ལམ་དུམ་བུར་ཀྲུང་གོ་ལྕགས་ལམ་ཅུས་དང་པོའི་ལས་དོན་པས་ལྕགས་ལམ་འདིང་བཞིན་པ།