《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月21日

2020ལོར་ཀྲུང་གོས་ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་སུ་རེ་ཞུ་བྱས་པའི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་མཐོ་ཤོས་ཟིན་པ།

ཉེ་ཆར་ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་དོན།

2020ལོར་ཀྲུང་གོ་ནས་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་13432འབྱོར་བ་དེ་དུས་མཚུངས་ལས་9.9%འཕར་ཡོད།

ཀྲུང་གོས་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་བྱེད་མང་ཤོས་ཀྱི་ལག་རྩལ་ཁྱབ་ཁོངས་གསུམ་ནི།

གྲངས་འཛིན་འཕྲིན་གཏོང་དང་། རྩིས་འཁོར་ལག་རྩལ། “གློག་ཤུགས་འཕྲུལ་ཆས་དང་། ཡོ་བྱད། ནུས་རྒྱུ”བཅས་རེད།

རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས།

སྨན་རྫས་ཐོན་སྐྱེད་ཁྱབ་ཁོངས་10.2%འཕར་བ་དང་། སྐྱེ་དངོས་ལག་རྩལ་ཁྱབ་ཁོངས་6.3%འཕར་བ།

2019ལོ་དང་བསྡུར་ཚེ་ཡོ་རོབ་ཁེ་བེད་བདག་ཐོབ་ཅུས་ལ་འབྱོར་བའི་ལག་རྩལ་སྔོན་ཐོན་ས་ཁུལ་མང་ཆེ་བའི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར་ཅུང་ཟད་ཆག་ཡོད་པ་སྟེ།

ཨ་རི་4.1%ཆག་པ་དང་། ཡོ་རོབ་ས་ཁུལ་1.3%ཆག་པ། རི་པིན་1.1%ཆག་པ་བཅས་རེད།