《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月19日

རིག་གནས་རིག་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རིག་གནས་རིག་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འབྲེལ་ཡོད་ལས་དོན་ཆེད་མངགས་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག རིག་གནས་རིག་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ལ་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ཇུས་གཞི་ཞིབ་ཕྲ་བཟོ་བ། ལས་འགན་གཏན་འཁེལ་ཁ་གསལ་བྱེད་པ། དུས་ཆེན་གྱི་རྣམ་པ་གཏོད་པ། དུས་ཚོད་དང་བླང་བྱ་གཏན་འཁེལ་བྱེད་པ། མང་ཚོགས་ཀྱི་ལངས་ཕྱོགས་མཚོན་པར་བྱེད་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་བརྟན་ལྷིང་གི་ལས་དོན་ཡག་པོ་སྒྲུབ་པ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་སྒྲིག་ལམ་ནན་དུ་གཏོང་བ་སོགས་ལ་དམིགས་ནས་ཞིབ་ཕྲའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ་དང་། དོན་ཆེན་ཞིབ་ཚགས་སྒྲུབ་པ། དོན་ཆུང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་ཚུན་གྱི་ཞི་མཐུན་གྱི་བོད་ལྗོངས་དང་། འཕོ་འགྱུར་གྱི་བོད་ལྗོངས། བདེ་སྐྱིད་ཀྱི་བོད་ལྗོངས། འཕེལ་རྒྱས་ཀྱི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་གང་ལེགས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།