《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月17日

འགག་རྩའི་གྲངས་གཞི་འདི་དག་ལ་བརྟེན་ནས།

མ་འོངས་ལོ་ལྔའི་རིང་གི་གསར་གཏོད་ཀྲུང་གོར་ལྟ་བ།

“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད། མ་འོངས་ལོ་ལྔའི་རིང་གསར་གཏོད་ལ་བརྟེན་ནས་ཀྲུང་གོར་འགྱུར་ལྡོག་ཇི་འདྲ་ཡོང་སྲིད་དམ།

7%ཡན།

ལེབ་འགེབས་ཀྱི“གསར་གཏོད་ནུས་པའི”

དམིགས་ཚད་ལ་གོ་བ་ཇི་ལྟར་ལེན་དགོས་སམ།

སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་གྲོན་དངུལ་གཏོང་ཚད་ལོར་ཆ་སྙོམས་7%ཡན་སྤར་ཏེ་མ་དངུལ་གཏོང་ཤུགས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དངོས་ཡོད་ལས་མང་དུ་འགྲོ་བའི་བརྩོན་ལེན་བྱེད་རྒྱུ།

མ་འོངས་ལོ་ལྔའི་རིང་ལོར་ཆ་སྙོམས“7%ཡན”གྱི་འཕར་ཚད་ལ་གོ་བ་བླངས་ན། སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་ཐོན་ཁུངས་བསྡུ་སྒྲིལ་དེ་བས་ཤུགས་ཆེན་བྱས་ཏེ་རང་རྒྱལ་གྱིས་དཔེ་གསར་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ།

རྨང་གཞིའི་ཞིབ་འཇུག་ལ་གྲོན་དངུལ་གཏོང་ཚད་ཀྱིས་ཞིབ་སྤེལ་གྲོན་དངུལ་གཏོང་ཚད་ནས་བཟུང་བའི་བསྡུར་གྲངས་8%ཡན་བར་མཐོ་རུ་གཏོང་རྒྱུ།

མི་འབོར་ཁྲི་རེའི་རིན་ཐང་མཐོ་བའི་གསར་གཏོད་ཁེ་བདག་བྱུང་ཚད་ཁག་12ཟིན་པ་བྱེད་རྒྱུ།

འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་སྐབས་ཁྱེད་རང་དེའི་གྲས་སུ་ཚུད་ཡོད་དམ།

17%

2019ལོར་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་རིན་ཐང་འཕར་མས་GDPཡི་བསྡུར་གྲངས་11%བཟུང་ཡོད།

འཆར་འགོད་རྩ་གནད་འཆར་ཟིན་ནང་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་རིན་ཐང་འཕར་མས་GDPཡི་བསྡུར་གྲངས་17%ལྷག་ཙམ་གཟུང་རྒྱུ་ཞེས་བཏོན་ཡོད།

56%

ཁྱབ་ཚད་ཧ་ཅང་ཆེ་རུ་བཏང་ནས་5Gདྲ་བ་ལས་མ་འོངས་ཇི་འདྲ་ཞིག་གཏོད་ཐུབ་བམ།

འཆར་འགོད་རྩ་གནད་འཆར་ཟིན་ནང་5Gདྲ་རྒྱ་གཞི་ཁྱོན་ཅན་གྱི་བཀོད་སྒྲིག་མགྱོགས་སུ་བཏང་ནས་སྤྱོད་མཁན་56%བར་ཟིན་པ་བྱེད་རྒྱུ་ཞེས་ཁ་གསལ་བཏོན་ཡོད།

འཆར་འགོད་རྩ་གནད་འཆར་ཟིན་ནང་བཏོན་པའི“56%”ལ་གོ་བ་བླངས་ན། དུང་ཕྱུར་མང་པོའི་སྒྲིག་ཆས་དྲ་སྦྲེལ་བྱས་ཏེ་5Gརྫོང་གྲོང་དང་གྲོང་གསེབ་ཀྱི་དེ་བས་ཡངས་པའི་ཁྱབ་ཁོངས་སུ་སིམ་པར་བྱེད་རྒྱུ་རེད།

ལྟེ་བའི་ཐོན་ལས་ཀྱི་བཟུང་ཚད་མཐོ་རུ་བཏང་ནས་གྲངས་འཛིན་ཀྲུང་གོར་རྣམ་པ་གསར་པ་གང་དག་ཐོན་སྲིད་དམ།

10%

འཆར་འགོད་རྩ་གནད་འཆར་ཟིན་ནང་དམིགས་སུ་བཏོན་ནས“གྲངས་འཛིན་ཀྲུང་གོར”དོ་སྣང་བྱས་ཡོད།

2025ལོར་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མས་GDPནས་བཟུང་བའི་བསྡུར་གྲངས་10%བར་མཐོ་རུ་གཏོང་རྒྱུ་རེད།