《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月17日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་70པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་15ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱི་བཀའ་མངག་ལྟར། ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི(རྒྱ་ཆེའི)ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་70པ་འཚོགས་པ་རེད།

ཚོགས་འདུའི་ཐོག 2021ལོའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ལས་དོན་གྱི་གཙོ་གནད་དང་། རྒྱུན་ལས་ཨུ་ལྷན་ལས་དོན་གྱི་གཙོ་གནད། ལྟ་སྐུལ་ལས་དོན་གྱི་འཆར་གཞི། འཐུས་མིའི་ལས་དོན་གྱི་འཆར་གཞི་བཅས་ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་དང་དེ་ཉིད་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་རྗེས་པར་འགྲེམས་བྱས་ནས་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་གཞི(2018ལོ་ནས་2022ལོ་བར)ལེགས་སྒྲིག་ཇུས་གཞི་དང་། 2021ལོའི་ཁྲིམས་འཛུགས་ལས་ཀའི་འཆར་གཞི། ལྗོངས་ཡོངས་ཀྱི་རྫོང་དང་ཤང་རིམ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་བཅས་ལ་ཞིབ་འཇུག་བྱས་པ་དང་གོ་རིམ་གཞིར་བཟུང་ལྗོངས་ཏང་ཨུད་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བརྒྱད་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་བསམ་འཆར་སྐོར་གྱི་སྙན་སེང་གསན་ནས་ཚོགས་འདུ་ཟླ་3པའི་ཟླ་མཇུག་ཏུ་ལྷ་སར་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད། གྲོས་འགོའི་གྲོས་རིམ་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། བོད་རང་སྐྱོང་ལྗོངས་སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ། ལྗོངས་ཡོངས་ཀྱི་རྫོང་དང་ཤང་རིམ་གཉིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་དང་། རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས། རྫོང(ཆུས)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་མི་གྲངས་བཅས་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ། 2020ལོའི་ཚད་ལྡན་ཡིག་ཆའི་ཐོ་འགོད་དང་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ། 2020ལོའི་ལོ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ། བསྐོ་འཐེན་གྲོས་གཞི་སོགས་ལ་གྲོས་ཞིབ་བཅས་བྱ་རྒྱུ་རེད།