“བརྟན་པོ་དྲུག”གི་ལས་དོན་ནུས་ཤུགས་གང་ཡོད་ཀྱིས་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་རམ་འདེགས་ཀྱིས་ཚོགས་སྤྱི་གཙོ་བོར་ལས་ཞུགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཆེད། ཉེ་ཆར་2021ལོའི“དཔྱིད་གསར་བསུས་ནས་དྲོ་སྐྱིད་སྦྱིན། ལས་གནས་བརྟན་སྲུང་ལས་མི་བསྡུ”ཞེས་པའི་ལས་མི་བསྡུ་བའི་འདུ་ཚོགས་ཆེ་གྲས་ལྷ་སར་འཚོགས་པ་རེད། ལས་མི་བསྡུ་བའི་འདུ་ཚོགས་ཐོག་མི་སྤྱོད་ཚན་པ་101གིས་ལས་གནས་1617མཁོ་འདོན་བྱས་པའི་ནང་དྲུང་ཡིག་དང་། ཕྱིར་ཚོང་། མི་ཤུགས་ཐོན་ཁུངས་དོ་དམ་སོགས་ལས་རིགས་ཡོད་པ་རེད།
འདི་ནི་རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱི་ལས་དོན་མི་སྣས་འབྲེལ་ཡོད་ལས་ཞུགས་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།