《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

ཁྱིམ་ཚང་མགྲོན་ཁང་གཉེར་མཁན་བདེ་ཆེན་དབང་མོས་བརྗོད་དོན།

གྲོང་གསེབ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་ལས་མང་ཚོགས་ཀྱི་བཞིན་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།

“ཉིན་དེ་དག་རིང་ངས་ལག་ཐོགས་ཁ་པར་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་འཐུས་མི་མང་པོ་ཞིག་གིས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་བཏོན་པ་མཐོང་བྱུང་བས། ང་ཚོ་དངོས་གནས་དགའ་ཚོར་ཆེན་པོ་བྱུང་། གང་ལགས་ཤེ་ན། ང་ཚོའི་ཁྱིམ་ཚང་མགྲོན་ཁང་དེ་ཡང་གྲོང་གསེབ་ཡུལ་སྐོར་གྱི་ཚ་རླབས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་རེད”ཅེས་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་བདེ་ཆེན་དབང་མོས་བརྗོད།

ཀ་གནམ་གྲོང་ཚོ་དེ་རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པས་ཉེ་བའི་ལོ་ཤས་རིང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་ཇེ་མང་དུ་སོང་བས་གྲོང་མི་ཚོར“ཁྱིམ་ཚང་མགྲོན་ཁང”གཉེར་རྒྱུའི་བསམ་བློ་འཁོར།

དེས་ན། ས་བབ་ཀྱི་ལེགས་ཆར་བརྟེན་ནས་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཀ་གནམ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་སྟེ། བདེ་ཆེན་དབང་མོའི་ཁྱིམ་ཚང་མགྲོན་ཁང་བཙུགས་པ་རེད། “མགྲོན་ཁང་བཙུཌ་མ་ཐག་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ཧ་ལམ་ཉིན་ལྟར་འགྲུལ་པས་ཁེངས་ཀྱི་འདུག”ཅེས་བདེ་ཆེན་དབང་མོས་དགའ་ཚོར་ཆེན་པོས་བརྗོད།

བྱ་བཟང་དེ་ལས་ཀ་གནམ་གྲོང་ཚོའི་གྲོང་མི་གཞན་ལ་སྐུལ་མ་ཆེན་པོ་ཐེབས་ནས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་མ་དངུལ་གྲབས་གསོག་བྱས་ཏེ་རང་ཁྱིམ་གྱི་ཁང་པ་གསར་སྐྲུན་དང་སྒྱུར་བཀོད་བྱས་ནས་ཁྱིམ་ཚང་མགྲོན་ཁང་བཙུགས། མང་ཚོགས་ཀྱི་ཡོང་འབབ་ཉིན་རེ་བཞིན་མང་དུ་འགྲོ་བ་དང་བདེ་ཆེན་དབང་མོའི་ཁྱིམ་ཚང་མགྲོན་ཁང་གི་མིང་གྲགས་ཀྱང་གང་སར་ཁྱབ་ནས། ཡོང་འབབ་ལོ་རེ་ལས་ལོ་རེ་མ་འདས་པར་ཆེས་ཆེར་འཕར། “དེ་དག་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”བདེ་ཆེན་དབང་མོས་མྱོང་ཚོར་ཟབ་མོས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ལུགས་བཏོན་གནང་ཡོད། ང་ཚོའི་ཁྱིམ་ཚང་མགྲོན་ཁང་གི་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་ཞིག་རེད་ཅེས་བརྗོད།