《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月11日

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཟླ་3ཚེས་9ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་ཚོགས་འདུ་མུ་མཐུད་འཚོགས་ནས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེའི་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་དང་། ཚོགས་འདུའི་གྲོས་ཆོད་དང་སྙན་སྒྲོན་གྱི་འཆར་ཟིན་ཁག་ལ་གྲོས་བསྡུར་གནང་བ་དང་སྦྲགས་འབྲེལ་ཡོད་བརྗོད་དོན་གཙོ་བོར་གཞིགས་ནས་སྲིད་གྲོས་ལས་དོན་ལ་གྲོས་བསྡུར་ཡང་གནང་ཡོད།

བསྟན་ཁོ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་རང་ལྗོངས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གྲོས་བསྡུར་གནང་རིང“ཆེས་མཐོའི་ཁང་གཉིས”ཀྱི་ལས་དོན་ནི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཚད་གཞི་མཐོ་བ་དང་། ཁྲིམས་བསྟར་གྱོད་སྒྲུབ་བྱེད་ཤུགས་ཆེ་བ། དམངས་འཚོར་དོ་ཁུར་བྱེད་ཚད་མང་བ། ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་པ། ནང་དོན་ཕུན་སུམ་་ཚོགས་པོ་ཡོད་པ་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཚོགས་ཀྱི་དོ་ཁུར་དང་ཤིན་ཏུ་འཚམ་པ་བཅས་བྱུང་ནས་འབྲེལ་མཐུད་ཧ་ཅང་ཡག་པོ་ཐུབ་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བསྔགས་བརྗོད་གནང་ཡོད། ཨུ་ཡོན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་དང་། “མི་དམངས་མང་ཚོགས་ཚོར་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་འདྲ་མཉམ་དྲང་བདེན་ཚོར་གང་ཐུབ་བྱེད་པའི”ལས་དོན་ལ་དམ་པོར་དམིགས་པ། དམངས་ཆེད་ཁྲིམས་སྐྱོང་བ་དང་ཁྲིམས་འཛིན་པའི་དྲང་གཞག་མཐའ་འཁྱོངས་བཅས་བྱས་པས། ལས་ཀའི་སྤུས་ཚད་དང་ལས་ཕྱོད་དང་། དཔུང་ཁག་གི་བྱང་ཚད་དང་འཇོན་ཐང་། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་ལས་དོན་ཁག་ལ་དགའ་འོས་པའི་གྲུབ་འབྲས་གསར་པ་ཐོབ་སྟེ་དམངས་སེམས་མགུ་བ་དང་མི་རྣམས་ཀྱི་བློ་ལ་བབ་པའི་ངོས་འཛིན་གནང་བ་རེད།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་པ། ལས་དོན་གྱི་ངེས་གནས་གནད་ལ་འཁེལ་བ་བཅས་ཡོད་པས་སྲིད་གྲོས་ལས་དོན་ཐད་བྱེད་སྟངས་གསར་པ་མངོན་པ་དང་རྣམ་པ་གསར་པ་ཐོན་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད། ཚང་མས་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཕུགས་བསམ་དང་དད་སེམས་ཀྱི་དགོངས་པ་བློ་ལ་བརྟན་པོ་ངེས་ནས་སྤུས་འབོར་གཉིས་ལྡན་ཡོང་རྒྱུ་དེ་འགན་སྒྲུབ་ལས་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་སེམས་ཐག་བཅད་གནང་ཡོད།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ད་དུང་རང་ལྗོངས་ཀྱི་འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་སྔར་བས་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། སྲིད་ཁྲིམས་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་སྒོ་ནས་ལག་ལེན་བསྟར་བ། འདྲི་གཅོད་དང་ཞིབ་དཔྱོད་ཀྱི་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དངོས་འབྲེལ་ཆེ་རུ་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ཐུགས་རེ་བཏོན་གནང་བ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)