《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月10日

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲིད་ཐར་གྱིས་གསུངས་དོན།

མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་འདེགས་སྐྱོར་བྱེད་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་རིག་གནས་སྟོབས་ལྡན་རྒྱལ་ཁབ་ཅིག་ཆགས་པ་བྱེད་པར་དང་ཐོག་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བསྐྱར་དར་ཡོང་བར་བྱེད་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན”ཞེས་བོད་ཀྱི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་གྱི་རྒྱུན་འཛིན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་ཐང་ག་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྨན་གྲོང་ནོར་བུ་སྲིད་ཐར་གྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཐད་ལ་བསམ་གཞིག་དང་ངོས་འཛིན་ཟབ་མོའི་སྒོ་ནས་གསུངས་པ་རེད།

སྨན་གྲོང་ནོར་བུ་སྲིད་ཐར་གྱིས་མི་རིགས་ལག་ཤེས་བཟོ་རྩལ་གྱི་རྒྱུན་འཛིན་པ་ཞིག་བྱེད་པར་དང་ཐོག་དགེ་ཕྲུག་ནས་རིམ་པ་བཞིན་གོམ་པ་རིམ་བགྲོད་ཀྱིས་ལོ་འགའ་དང་ཐ་ན་ལོ་བཅུ་གྲངས་ཁ་ཤས་འབད་བརྩོན་བྱས་ཚེ། གཞི་ནས་ལས་རིགས་ནང་རྐང་པ་བརྟན་པོར་ཚུགས་ཐུབ། དེ་ནི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ལོ་བརྒྱ་ཕྲག་སོང་ཡང་ད་དུང་ཉམས་པ་མེད་པར་གནས་ཐུབ་པའི་རྒྱུ་རྐྱེན་ཡང་ཡིན་ཞེས་གསར་འགོད་པར་གསུངས་བྱུང་།

དེར་བརྟེན་སྨན་གྲོང་ནོར་བུ་སྲིད་ཐར་གྱིས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། ཁོང་གིས་རྒྱལ་ཁབ་དང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་དང་སྔར་བས་བབ་བསྟུན་དང་ཕུགས་ཀྱི་སྲིད་ཇུས་བཏོན་ནས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་རྒྱབ་སྐྱོར་བྱས་ཏེ་གཞོན་ནུ་སྔར་བས་མང་བ་དེའི་ནང་ཞུགས་རྒྱུར་བློ་བཀུག་ནས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་དམིགས་ཡུལ་འགྲུབ་རྒྱུའི་རེ་བ་འཆང་བཞིན་ཡོད།