《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

ལས་གཏོད་པ་ཟླ་བ་མཚོ་མོས་གསུངས་དོན།

སུར་པན་ཐོན་ལས་ཚ་ཚ་འུར་འུར་ངང་འཕེལ་རྒྱས་གཏོང་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཆ་ལང་ཚོ་ནི་འབད་འཐབ་བྱེད་པའི་དུས་ཡིན་པ་དང་། སླད་ཕྱིན་ལང་ཚོ་ནི་དྲན་གསོ་བྱེད་པའི་དུས་ཡིན། རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་འབད་འཐབ་བྱས་ན་གཞི་ནས་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོང་ཐུབ་ཅེས་གསུངས་ཡོད།

“དེང་དུས་ཀྱི་སློབ་ཆེན་སློབ་མ་ཡིན་པའི་ངས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཉན་རྗེས་སྐུལ་མ་ཆེན་པོ་ཐེབས་ནས་བྱུང་ལ་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་ལས་གཏོད་ཧུར་ཐག་བྱེད་པའི་སེམས་ཤུགས་ཀྱང་ཆེས་ཆེར་འཕེལ་སོང”ཟླ་བ་མཚོ་མོ་ནི་2017ལོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ནགས་ལས་ལག་རྩལ་ཆེད་ལས་ནས་ཐོན་པའི་སློབ་མ་ཞིག་རེད།

བརྩོན་འགྲུས་ཅན་ལ་བསླུ་བ་མེད་པའི་དཔེ་ལྟར། ཟླ་བ་མཚོ་མོས་ལས་གཏོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་འབྲེལ་2019ལོའི་ཟླ་11པར་ཕ་ཡུལ་དུ་ལོག་ནས“དྲ་སྦྲེལ+”ཀྱི་རང་བྱུང་ལྷད་མེད་ཀྱི་སུར་པན་ལས་སྣོན་ཁང་ཞིག་བཙུགས་ནས་2020ལོའི་ཟླ་དང་པོར་དངོས་སུ་ཕྱིར་ཚོང་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་ཆེད། ཟླ་བ་མཚོ་མོས་དུད་ཚང་དབུལ་པོ་དེའི་ནང་ཞུགས་རྒྱུའི་སྐུལ་ལྕག་བྱས་ཏེ་འཕྲིན་ཚོང་ཚོགས་པ་ཞིག་བཙུགས། ཁོང་ཚོས“སྔོན་ལ་མངགས་ཉོ་བྱེད་པ་དང་དེ་ནས་ཐོན་སྐྱེད་བྱེད་པའི”རྣམ་པའི་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པས་རྒྱ་ཆེའི་འཛད་སྤྱོད་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།