《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་ མི་སྐལ་བཟང་སྒྲོལ་དཀར་གྱིས་གསུངས་དོན།

“ལྟོ་གོས”དང“བསམ་བློ”གཉིས་ཀ་ཕྱུག་པོ་ཆགས་པར་བྱེད་དགོས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོར་བསྐྱོད་སྐབས་སྒོ་ར་རང་འགྲིག་གི་བོད་བཟོའི་སྡོད་ཁང་སྟར་པ་དང་སྟར་པ་བྱས་ནས་བརྒྱབ་པ་དང་ཁུལ་ཆུང་ཡོངས་ཀྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་ཁོར་ཡུག་གཙང་ལ་སྡོད་མལ་ལ་འཚམ་པས་དེ་སྔ་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་བསམ་ཡུལ་ལས་འདས།

“ཏང་གི་དམངས་ཕན་སྲིད་ཇུས་ཁག་གི་ཕན་པ་ཐོབ་པས་ན་ནིང་ང་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5100ཟིན་པ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.6ཟིན་ཡོད། ད་ཆ། དངོས་པོའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་བསྟུན་ནས་གྲོང་མི་མང་ཚོགས་ཚོའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་བསྐང་རྒྱུ་དེ་ང་ཚོ་གྲོང་ཚོ་ཨུ་ལྷན་གྱིས་སྣང་མེད་དུ་འཇོག་མི་རུང་བའི་གནད་དོན་ལ་གྱུར་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་ངོ་སྤྲོད་གནང་བ་རེད།

དར་དམར་གྲོང་ཚོ་འདི་ཉིད་གྲོང་ཁྱེར་ཅན་གྱི་གོམ་སྟབས་ཁྲོད་ཉིན་རེ་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད་པ་ལས་མང་ཚོགས་ཚོའི“ལྟོ་གོས”དང“བསམ་བློ”གཉིས་ཀ་ཕྱུག་པོ་ཆགས་པ་བྱ་རྒྱུ་ནི་གཞི་རིམ་གྱི་ལས་དོན་ནང་བྱན་ཆུད་པའི་སྐལ་བཟང་སྒྲོལ་དཀར་གྱི་ལས་འགན་གསར་པ་ཞིག་རེད།

སྐལ་བཟང་སྒྲོལ་དཀར་གྱིས“མང་ཚོགས་ཚོའི་དཔལ་འབྱོར་ལ་འགྱུར་ལྡོག་ཆེན་པོ་ཡོང་བར་བྱེད་དགོས་ལ་བསམ་བློར་ཡང་འགྱུར་ལྡོག་ཆེན་པོ་ཡོང་བར་བྱེད་དགོས། མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ཀྱི་གོམས་གཤིས་ངན་པ་དོར་ཆེད། དར་དམར་གྲོང་ཚོས་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་དང་། ཞིང་ཁྱིམ་དཔེ་ཁང་སོགས་ལས་སྟེགས་བརྒྱུད་མང་ཚོགས་ཀྱི་རིག་རྩལ་ཚོགས་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་དུས་ཆེན་གལ་ཆེན་སྐབས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤེལ་བྱེད་པ་དང་ཆབས་ཅིག མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཁོམ་དུས་སུ་སྤྲོ་སྣང་ལ་རོལ་བ་དང་རིག་གནས་འཚོ་བའི་ཁྲོད་ཤེས་དཔལ་གྱི་སྲོལ་གསར་བཏོད་དེ་འཚོ་བར་དགའ་ཞེན་དང་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱེད་བཞིན་ཡོད”ཅེས་གསུངས་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)