《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་མུ་མཐུད་ཞུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་ཚོགས་ཆུང་གྲོས་བསྡུར་མུ་མཐུད་བྱས་ཤིང་། བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རིགས་ཁོངས་ཁག་གི་ཚོགས་ཆུང་གིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་ཏེ་གྲོས་མོལ་དང་གྲོས་འབུལ་གནང་བ་དང་རིགས་ཁོངས་ཁག་གཅིག་གིས་རིགས་ཁོངས་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།

བསྟན་ཁོ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།

སངས་རྒྱས་གྲགས་པ། བཀྲ་ཤིས་ཟླ་བ། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ཁག་སོ་སོར་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤེན་པ་ལྷ་མོས་གཏམ་བཤད་གནང་རིང“སྲིད་གྲོས་ཀྱི་ཨུ་ཡོན་ཞིག་གི་ངོས་ནས། ང་ལ་ཉེ་བའི་ལོ་ཤས་རིང་ཕ་ཡུལ་ལ་ཉིན་བཞིན་འགྱུར་ལྡོག་ཆེན་པོ་འགྲོ་བའི་མྱོང་ཚོར་ཟབ་མོ་བྱུང་། མི་རིགས་ཁག་གི་མང་ཚོགས་ཀྱིས་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ་བཅས་ཀྱི་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག སླད་ཕྱིན་རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་མང་ཙམ་གནང་བ་དང་། ནང་སའི་ཨུ་ཡོན་སྒྲིག་འཛུགས་ཀྱིས་མཐའ་མཚམས་ལ་བརྟག་ཞིབ་གནང་བར་ཕེབས་པ། མཐའ་མཚམས་ས་ཁུལ་གྱི་ཨུ་ཡོན་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བཀོད་སྒྲིག་གནང་སྟེ་མཐའ་མཚམས་དང་ནང་སའི་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་ཀྱི་རེ་བ་ཡོད”ཅེས་བཤད་པ་རེད།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་གྱིས། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དང་ལྷག་པར་དུ་ནུབ་རྒྱུད་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མཐའ་སྲུང་དང་། མཐའ་བརྟན། མཐའ་དར། མཐའ་སྟོབས་བཅས་ཀྱི“ཟངས་གྱང་ལྕགས་རྩིག”ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་ཆབས་ཅིག མཚོ་བོད་ས་མཐོ་དང་ལྷག་པར་དུ་བོད་ཀྱི་མངའ་རིས་ས་ཁུལ་གྱི་སྟོངས་ཉེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་དོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་འབྲོང་སེར་ཆེད་ལས་སྲུང་སྐྱོང་སྒྲིག་གཞི་ལ་གང་མགྱོགས་ཆོག་མཆན་ཐོབ་ནས་འཛུགས་པ། འཚོ་གནས་བྱ་ཡུལ་སྲུང་སྐྱོང་དོ་དམ་གྱི་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་དང་ཁྲིམས་སྲོལ་འདོན་པ་བཅས་བྱས་ནས་སྟོངས་ཉེའི་སྲོག་ཆགས་ལ་སྲུང་སྐྱོང་སྔར་བས་ཡག་པོ་ཐུབ་པར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་གནང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

བོད་བཞུགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྨན་གྲོང་ནོར་བུ་སྲི་ཐར་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་འཆར་ཟིན་ནང་རིག་གནས་དང་། རང་བྱུང་ཤུལ་བཞག མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་འཐབ་ས་དང་པོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་དེ་བཞིན་སྲོལ་རྒྱུན་གྱི་བཟོ་རྩལ་དང་མཛེས་རྩལ་ལ་ན་གཞོན་ཁྱུ་ཚོགས་ཀྱིས་དང་ཞེན་བྱེད་ཤུགས་ཆུང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)