《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

གྲོང་ཁྱེར་དང་ས་གནས་ཁག་གིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བར་ ཐབས་སྣ་ཚོགས་བཏོན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་7ཉིན་གནས་ཚུལ་འབྱོར་གསལ། འདི་ལོ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་ནན་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་རང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད། ཆེད་དོན་སློབ་གསོ་སྤེལ་འགོ་ཚུགས་ཚུན། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཆེད་དོན་སློབ་གསོ་ཡག་པོ་སྤེལ་ཏེ། ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་སློབ་གསོའི་ལག་ལེན་ཁྲོད་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཅིག་རྗེས་གཉིས་མཐུད་ངང་ཐབས་སྣ་ཚོགས་བཏོན་ནས་ཆེད་དོན་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཆེད་དོན་སློབ་གསོ་ཏན་ཏིག་ཡོང་བ་བྱས་ཡོད།