《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年03月09日

བོད་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞན་ཆ་གང་མགྱོགས་བསལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་7ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་2021ལོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2020ལོར་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་རིགས་འཕེལ་རྒྱས་ལ་སྤྱི་འདོམས་ལྷོད་མེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་862ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱས་པས་ལས་འགོ་བསྐྱར་དུ་ཚུགས་ཚད་100%ཟིན་པ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་435.14བྱས་ཡོད།

2020ལོར་ལྗོངས་ཡོངས་ཀྱིས་འཕྲལ་སྡོམ་རླངས་འཁོར་ཐེངས་8887གཏོང་འདྲེན་བྱས་ནས། ཡུལ་སྐོར་བ་མི་ཐེངས་ཁྲི་17.31བསུ་སྐྱེལ་བྱས་པ་དང་། འཕྲལ་སྡོམ་དངོས་ཟོག་ཏུན་5285དབོར་སྐྱེལ་བྱས་པ། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་ཐོག་ཉིན་རེར་ཆ་སྙོམས་ཤར་གཏོང་འགན་ལེན་མི་ཐེངས་2793དང་འཕྲུལ་ཆས་དང་སྒྲིག་ཆས་ཐེངས་795བཏང་ཡོད། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲུལ་སྐྱེལ་ས་ཚིགས་དང་། རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་ལམ་རྒྱུད་དུ་ཞིབ་བཤེར་ས་ཚིགས་78བཙུགས་ནས། ཉིན་རེར་ཆ་སྙོམས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མི་སྣ་མི་ཐེངས་4500ལྷག་ཙམ་བཏང་ཡོད།

འདས་ཟིན་པའི་ལོ་གཅིག་ནང་། རང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་བྱེད་མགྱོགས་སུ་བཏང་ཞིང་། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་གཞུང་ལམ་རྣམ་གྲངས་25ལག་བསྟར་བྱས་པ་དང་། G4218ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱ་རྒྱུར་སྔ་ནུར་དུ་ཆོག་མཆན་ཐོབ་པ་དང་། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ཡངས་པ་ཅན་ནས་ལྷ་ས་དུམ་བུ་བར་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཡངས་པ་ཅན་ནས་སྟག་གྲུ་ཁ་བར་སོགས་ཀྱི་རྣམ་གྲངས་9བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་789ལག་བསྟར་བྱས་པ་དང་རྣམ་གྲངས་754ལེགས་སྒྲུབ་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་ལག་བསྟར་ཞིབ་སྲོལ》སོགས་ཀྱི་སྲིད་ཇུས་ཁག་3བཏོན་ནས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་གྱི་བཟོ་ལྟ་འོས་སྦྱོར་བྱེད་པའི་དཀར་ཆག་ཡོངས་བསྒྲགས་བྱས་པ་རེད།