《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月26日

རང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ལ་རོགས་སྐྱོབ་བྱེད་པའི་བསྙེན་བཀུར་ཚད་གཞི་མཐོ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། དཀའ་ངལ་ཡོད་པའི་མང་ཚོཌ་ཀྱི་འཚོ་བའི་འགན་སྲུང་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་གཞི་རྩའི་འཚོ་བའི་འགན་སྲུང་གི་མཐའ་ཚད་སྲུང་ཆེད། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་ལ་རོགས་སྐྱོབ་བསྙེན་བཀུར་སོགས་ཀྱི་རོགས་སྐྱོབ་ཚད་གཞི་མཐོ་རུ་བཏང་བ་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་847ནས་སྒོར་910བར་མང་དུ་བཏང་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་4713ནས་སྒོར་5060བར་མང་དུ་བཏང་བ་མ་ཟད། དུས་མཚུངས་སུ་གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་དུ་ཁག་བགོས་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མིའི་གཞི་རྩའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མི་རེར་ལོ་རེར་སྒོར་13213ནས་14196བར་མང་དུ་བཏང་བ་དང་། གྲོང་གསེབ་ཏུ་ཁག་བགོས་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མིའི་གཞི་རྩའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མི་རེར་ལོ་རེར་སྒོར་7070ནས་7590བར་མང་དུ་བཏང་ཡོད། རོཌ་སྐྱོབ་ཀྱི་ཚད་གཞི་ཁག་མཐོ་རུ་བཏང་བ་ལས་ཏང་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོཌ་ལ་ཐུགས་ཁུར་གནང་ལུགས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྩའི་དམངས་འཚོ་འགན་སྲུང་གི་མཐའ་ཚད་བསྲུངས་པ་གང་ལེགས་མངོན་ཡོད།