《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月24日

གཞན་ཡུལ་དུ་ལོ་གསར་དགའ་གཏོང་བྱས། དགའ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས།

ཕ་ཡུལ་དུ་ལོག་པའི་ལམ་ཐག་ཇི་ཙམ་ཡོད་དམ། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་ནས་ཧྲན་ཤིས་ཞིང་ཆེན་ཞའོ་དབྱི་གྲོང་ཁྱེར་བར་ལམ་ཐག་སྤྱི་ལེ་3000ལྷག་ཙམ་ཡོད་པ་དེ་ནི་ལོ་26ལ་སླེབས་པའི་ཝུའུ་ཅིང་ཅིང་ཕ་ཡུལ་དུ་ལོག་པའི་ལམ་ཐག་རེད། ཁོང་གིས་འདི་ལོའི་དཔྱིད་གསར་དུས་ཆེན་ལྷ་རི་རྫོང་དུ་གཏོང་རྒྱུའི་གདམ་ག་བྱས།

རྒྱལ་ཟླའི་ཚེས་ཉེར་གཉིས་ཉིན་ལས་ཀ་གྲོལ་མ་ཐག་པའི་ཝུའུ་ཅིང་ཅིང་གིས་ནང་མིར་ཁ་པར་ཞིག་བརྒྱབ་པ་སྟེ། “ཨ་མ་ལགས། འདི་ལོ་ང་ཁྱིམ་དུ་ལོ་གསར་གཏོང་བར་ལོག་ཐུབ་མ་སོང་བས། ཁྱེད་དང་པཱ་ལགས་ཀྱིས་སྐུ་གཟུགས་ལ་ཐུགས་ཅག་གནང་རོགས། འདི་གར་ཚང་མས་ང་ལ་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག་ལ། ང་ཚོའི་དབར་གྱི་བརྩེ་སེམས་སྤུན་མཆེད་དང་ཁྱད་མེད། ང་ཁྱིམ་དུ་ལོ་གསར་གཏོང་བར་ལོག་མ་ཐུབ་པའི་གནས་ཚུལ་ཤེས་རྗེས་ལས་རོགས་དང་གྲོགས་མོ་ཚོས་ཀྱང་ཁོང་ཚོའི་ཁྱིམ་དུ་ལོ་གསར་གཏོང་བར་འབོད་བྱུང་། ཁྱེད་རྣམས་ཐུགས་བློ་བདེ་པོ་གནང་རོགས། ང་རང་འདི་གར་དྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་བཏང་བ་ཡིན”འདི་ལོ་ཝུའུ་ཅིང་ཅིང་བོད་དུ་ལས་ཀར་སླེབས་པའི་ལོ་བཞི་པ་ཡིན་ལ། གཞན་ཡུལ་དུ་ལོ་གསར་གཏོང་ཐེངས་དང་པོ་དེའང་རེད།

ཟླ་2ཚེས་11ཉིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་ཞིང་། ཝུའུ་ཅིང་ཅིང་གྲོང་པ་ཚེ་རིང་སྐྱིད་ཀྱི་ཁྱིམ་དུ་མགྲོན་པོར་བསྐྱོད་དེ་ཕྱེ་མར་བཟའ་བ་དང་། དགའ་སྟོན་གྱི་རོལ་དབྱངས་ཉན་པ་སོགས་བོད་རིགས་གྲོགས་མོའི་སེམས་རྩ་འཁོལ་བའི་སྣེ་ལེན་དང་ལེན་བྱས།

ལས་གནས་བརྟན་སྲུང་བྱེད་བཞིན་གཞན་ཡུལ་དུ་ལོ་གསར་གཏོང་མཁན་གྲས་སུ་ད་དུང་བོད་དུ་སྐྲུན་བཞིན་པའི་ནང་མཁོའི་ཆུ་གློག་རྣམ་གྲངས་ཀྱི་DGཆུ་ཤུགས་གློག་ཁང་གི་འཛུགས་སྐྲུན་པ་1200ལྷག་ཙམ་ཡོད་པ་རེད།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། DGཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་། ཚ་ལ་རྒྱག་པ་སོགས་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཡོད།

DGཆུ་ཤུགས་གློག་ཁང་དུ་ཁེ་ལས་ཀྱི་སྦྱིན་བདག་དང་། ཇུས་འགོད། ལྟ་སྐུལ་དོ་དམ། ཨར་ལས། ས་གནས་བཅས“ཕྱོགས་ལྔ་གཞི་གཅིག”གི་ཏང་འཛུགས་སྐྱོང་གི་མཉམ་སྐྲུན་ལམ་སྲོལ་བཙུགས་ནས། འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་གི་ཏང་ཀྲི་པུའི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། མཉམ་སྐྲུན་ཕྱོགས་ཁག་གི་ཏང་རྩ་འཛུགས་ཀྱི་ཐུན་མོང་གི་འབད་བརྩོན་བརྒྱུད། འཛུགས་སྐྲུན་པ་1200ལྷག་ཙམ་ལས་ཡུལ་དུ་ཉར་ནས་ལོ་གསར་བཏང་བ་མ་ཟད། འགག་རྩའི་ལྷུ་ཚིགས་ཀྱི་ལག་རྩལ་མི་སྣ་ཧ་ལམ་མང་ཆེ་བ་ལས་གནས་ཐོག་བསྡད་དེ་ཨར་ལས་ཀྱི་འཐབ་ཕྱོགས་དང་པོར་རང་འགུལ་ངང་ལས་དུས་འཕར་མ་བྱས་ནས་ཨར་ལས་ཀྱི་མྱུར་ཚད་འགན་ལེན་བྱས་ཡོད།

ལོ་གསར་གནམ་གང་གི་ཞོགས་པ་སྔ་པོ་ནས་འཛུགས་སྐྲུན་བྱ་ཡུལ་དུ་ལྒང་བཞུ་བཀལ་བ་དང་། ལོ་གསར་གྱི་ཆ་ཡིག་སྦྱར་བ། ཅའོ་ཙེ་དང་རྒྱ་ཁོག་བཟོ་བ། བསྲེགས་ཟས་བཟའ་བ། ཁུག་དམར་ཧབ་ཐོབ་རྒྱག་པ། དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་ལྟ་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་ལས་ཚང་མར་ལོ་གསར་མཉམ་དུ་གཏོང་བའི་དམིགས་བསལ་གྱི་སྤྲོ་སྣང་མྱོང་ཚོར་ཟབ་མོ་བྱུང་ཡོད། ལོ་གསར་ཚེས་གཅིག་ཉིན། དཔྱིད་གསར་དུས་ཆེན་གྱི་སྤྲོ་སྣང་ལུས་རྩལ་བྱེད་སྒོ་སྤེལ་བ་དང་། ལོ་གཅིག་རིང་བྲེལ་བརྩོན་ཆེན་པོས་ཨར་སྐྲུན་བྱེད་མཁན་འཛུགས་སྐྲུན་པ་ཚོ་དགོད་སྒྲའི་ཁྲོད་དུ་ངལ་དུབ་སེལ་བ་དང་དགའ་བདེའི་དཔལ་ལ་རོལ།

ལོ་31ལ་སླེབས་པའི་ཨར་ལས་དོ་དམ་པ་ཁྲེན་ཨ་ཆང་ནི་ཧྲའན་ཤིས་ཞན་དབྱང་ནས་ཡིན་པ་དང་། ད་རེས་ཁོང་དཔྱིད་གསར་དུས་ཆེན་ལ་ལས་རེས་བྱེད་ཐེངས་དང་པོ་དེ་རེད། “མི་བརྒྱ་ཕྲག་ཁ་ཤས་མཉམ་དུ་ལོ་གསར་གཏོང་བའི་རྣམ་པ་འཁྲུག་ཆ་དོད་ཅིང་། ལོ་གསར་གྱི་རྣམ་པས་ཡོངས་སུ་ཁེངས། མ་གཞི་ནང་མི་ཚོས་སོ་སོའི་གཅེས་ཕྲུག་གཞན་ཡུལ་ལ་ཁེར་རྐྱང་དུ་ལུས་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་བརྙན་ལམ་སྦྲེལ་མཐུད་བྱས་ནས་ཚང་མ་མཉམ་དུ་ལོ་གསར་གཏོང་བའི་རྣམ་པ་དེ་མཐོང་སྐབས་ནང་མི་རྣམས་གཞི་ནས་བློ་བདེ་པོར་གྱུར་སོང”ཞེས་བརྗོད།

འཛུགས་སྐྲུན་པ་ཆིག་སྟོང་ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་བྱས་པ་ལས་ཁྱིམ་ཚང་མང་པོའི་མི་མཉམ་འཛོམས་ཀྱི་གོ་སྐབས་བཟང་པོ་དེ་ཤོར་ཡོད་ཀྱང་། ནང་མི་མཉམ་འཛོམས་བྱེད་རྒྱུ་མ་བྱུང་བ་དེ་ནི་གང་མགྱོགས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་གཏོང་ཐུབ་ཆེད་རེད། འཛུགས་སྐྲུན་པ་ཚོའི་ངོས་ནས་བརྗོད་ན། བྲེལ་འཚུབ་ཆེ་བའི་ལོ་གསར་དེ་ནི་ཕུན་སུམ་ཚོགས་ལ་གཟབ་བརླིང་ལྡན་པ་ཞིག་རེད། ཚང་མས་གླང་ལོར“གླང་གི་ངར་ཤུགས”ལྡན་པར་བྱས་ཏེ་གློག་ཁང་དུས་བཀག་ལྟར་གཉེར་སྐྱོང་བྱེད་འགོ་འཛུགས་ཆེད་འབད་བརྩོན་བྱེད་བཞིན་ཡོད།