《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月24日

ཀྲུང་ཧྭའི་བརྩེ་དུང་། མཐུན་སྒྲིལ་བསྟོད་པ།

—— ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་ཀྱི་ཟུར་ཙམ་བཀོད་པ།

ཉེ་ཆར། ཀྲུང་ཧྭའི་བརྩེ་དུང་། མཐུན་སྒྲིལ་བསྟོད་པ——ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོའི་རིག་རྩལ་དགོང་ཚོགས་བོད་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཚོགས་པ་རེད།

རིག་རྩལ་དགོང་ཚོགས་ཀྱིས་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། དྲིལ་བསྒྲགས་སློབ་གསོའི་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོའི་གཙོ་རྐང་དུ་བྱེད་པ། “གླུ་གར་འཁྲབ་སྟོན+སྙན་ངག་གྱེར་འདོན(བརྙན་ལམ་གྱི་སྒྲ་བརྙན་རི་མོ)+བརྙན་ལམ་ཐུང་གྲས+ས་གནས་ས་ཐོག་གི་ཕན་ཚུན་མཉམ་སྒུལ”བཅས་ཀྱི་མཚོན་ཐབས་སུ་བྱེད་པ། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ” “ས་མཐོར་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད” “བློ་སེམས་གཅིག་སྒྲིལ་བཅས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”བཅས་ལེའུ་གསུམ་གྱི་གཏན་ཚིགས་འབྲེལ་བའི་གྲུབ་ཆ་ནས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་རང་རྒྱལ་གྱི་རླབས་ཆེན་མེས་རྒྱལ་བཏོད་པ། ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་རྒྱ་སྐྱེད་བཏང་བ། ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་གྱི་ཡུན་རིང་ལོ་རྒྱུས་བརྩམས་པ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་རིག་གནས་བཏོད་པ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྙིང་སྟོབས་སྐྱེད་སྲིང་བྱས་པ་བཅས་དྲིལ་བསྒྲགས་བྱས་ནས་མངོན་པར་བྱས་པ་དང་། བོད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་བཅས་དྲིལ་བསྒྲགས་བྱས་ནས་མངོན་པར་བྱས་པ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དངོས་སུ་བརྒྱུད་པ་དང་། འོད་སྟོང་འཕྲོ་བའི་གྲུབ་འབྲས་མཉམ་སྤྱོད། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བློ་སེམས་གཅིག་སྒྲིལ་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་འགྱུར་མེད་ཀྱི་དད་སེམས་དྲིལ་བསྒྲགས་བྱས་ནས་མངོན་པར་བྱས་ཡོད།