《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月24日

རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས།

འདི་ལོའི་ཟླ་དང་པོར་གློག་འཚོང་ཚད་ཆན་ཝ་ ཆུ་ཚོད་དུང་ཕྱུར་1ལས་ཐོག་མར་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་1པོར་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གློག་འཚོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1.335ཟིན་ནས་ལོ་རྒྱུས་ཐོག་གི་ཆན་ཝ་ཆུ་ཚོད་དུང་ཕྱུར་1ལས་ཐོག་མར་བརྒལ་ནས་དུས་མཚུངས་ལས་103.05%འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོ་ཚུན་དུ། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱས་ཏེ་དུས་མཚམས་རང་བཞིན་གྱི་གློག་རིན་བརྒྱ་ཆ་ལྔ་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་པས། རིམ་རྩིས་ལྟར་ན་བཟོ་ཚོང་ལས་རིགས་ཀྱི་སྤྱོད་མཁན་དུད་ཚང་1305ལ་གློག་སྤྱོད་མ་གནས་སྒོར་ཁྲི་816.9བཅག་ཡོད་པ་རེད།