《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月23日

གཟའ་འཁོར་འདིའི་གནམ་གཤིས།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2021ལོའི་ཟླ་2ཚེས་22ཉིན་ནས་ཟླ་2ཚེས་28ཉིན་བར)

གཟའ་མིག་དམར་ནས་ཕུར་བུའི་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། དེ་མིན་ས་ཁུལ་དུ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་སྤེན་པ་དང་ཉི་མར་མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་གནམ་འཐིབ་ནས་གངས་སིམ་སིམ་འབབ་རྒྱུ། རྩྭ་མདའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། དེ་མིན་ས་ཁུལ་དུ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།

གཟའ་འཁོར་འདིར་ནག་ཆུ་དང་མངའ་རིས་ཀྱི་བྱང་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ། ཉིན་དགུང་ཡོལ་རྗེས་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ།

གཉིས། གྲོས་འགོ

1.གཟའ་འཁོར་འདིར་གངས་ཆར་འབབ་ཚད་མངོན་གསལ་དོད་པོ་མེད་པ་དང་། ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བ། སྐམ་ཤས་ཆེ་བས་ཚང་མས་ནགས་ཚལ་དང་། རྩྭ་ཐང་། གྲོང་ཁྱེར་དང་གྲོང་གསེབ་བཅས་ཀྱི་མེ་ཟོན་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

2.གཟའ་འཁོར་འདིར་མངའ་རིས་ཀྱི་བྱང་རྒྱུད་དང་ནག་ཆུར་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་བསྟན་མང་བ་དང་། གཞིས་རྩེ་དང་། ལྷོ་ཁ། ལྷ་ས་བཅས་ཀྱི་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་4ནས་5བར་བརྒྱབ་སྟེ་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་ནས་མཁའ་ཐོག་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་སྲིད་པས་འགོག་ཟོན་བྱེད་དགོས།