《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月23日

ཆེད་ལས་མཉམ་ལས་ཁང་ལ་འབབ་འཕར་མྱུར་པོ་བྱུང་བ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཡུལ་དེ་གའི་ལེགས་ལྡན་ཐོན་རྫས་དང་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་ཆེད་ལས་ཅན་གྱི་ཐོན་སྐྱེད་ནང་ཞུགས་པར་བརྟེན་ཆེད་ལས་གྲོང་ཚོ་དང་ཆེད་ལས་དུད་ཚང་མང་པོ་ཞིག་ལ་སྐུལ་ཁྲིད་ཐུབ་པ་དང་། རང་རང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁུལ་དང་ཐོན་ལས་ཚོགས་པ་ཆགས་པ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ས་ཁོངས་ཅན་གྱི་བཀོད་པ་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་སྐུལ་མ་ཐེབས་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

འདི་ནི་མལ་གྲོ་གུང་དཀར་རྫོང་གཟི་ཕུག་ཤང་འབྲིའི་དཀར་ཆུའི་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་ལས་མིས་ཁྱད་ལྡན་དཀར་ཆུའི་ཐོན་རྫས་ལས་སྣོན་བྱེད་བཞིན་པ།