《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།

དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་གང་ལེགས་ཞུས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་སྐྲུན་རོགས་བྱ་རྒྱུའི་སྐོར་གྱི“ཡིག་ཨང་དང་པོ”པར་འགྲེམས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2021ལོ་ཤར་མ་ཐག ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་ཀྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད“ཡིག་ཨང་དང་པོའི”རྣམ་པའི་ཐོག་ནས《2021ལོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བསམ་འཆར་ནང་དངུལ་རྩས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་། ལྗོངས་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར། དངུལ་རྩས་མཐའ་སྐྱོང་གི་འགན་འཁྲི་བསྒྲུབ་རྒྱུ། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ། “ཞིང་གསུམ”ཁྱབ་ཁོངས་སུ་ཡིད་བུན་གཏོང་འཇོག་མུ་མཐུད་ཤུགས་ཆེར་གཏོང་རྒྱུ། དངུལ་རྩའི་ཐོན་རྫས་གསར་གཏོད་བྱ་རྒྱུ། ཞབས་ཞུའི་དྲ་རྒྱ་སྣུར་སྲིང་རྒྱ་ཁྱབ་གཏོང་རྒྱུ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་སོགས་གྲོང་གསེབ་དང་ཞིང་ལས་ལ་རྐང་པ་བརྟན་པོ་འཛུགས་པ་དང་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་གཉིས་བློ་ལ་བརྟན་པོར་བཅངས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་དངུལ་རྩའི་ཞབས་ཞུ་གང་ལེགས་བསྒྲུབས་ནས་ས་གནས་ཏང་སྲིད་དང་སྤྱི་ཁྱབ་དངུལ་ཁང་ཏང་ཨུད་བློ་ཡིད་འགུག་པ་དང་ཞིང་འབྲོག་མང་ཚོགས་འདོད་བློ་ཁེངས་པའི་དེང་རབས་ཅན་གྱི་ཚོང་ལས་དངུལ་ཁང་ཞིག་ཏུ་འཛུགས་སྐྱོང་ཧུར་ཐག་བྱ་རྒྱུའི་ལས་ཀའི་སྤྱིའི་བསམ་གཞི་བཏོན་པ་མ་ཟད། ཡིད་བུན་གཏོང་འཇོག་མུ་མཐུད་ཤུགས་ཆེར་བཏང་ནས་དངུལ་ཁང་ཡོངས་ཀྱི་ཡིད་བུན་གཏོང་འཇོག་དང་གནད་འཕིཌ་དབུལ་སྐྱོར་དངུལ་བུན་རྒྱུན་མཐུད་འཕར་སྣོན་ཡོང་བ་བྱ་རྒྱུ་དང་། ཤིན་ཏུ་དབུལ་བའི་རྫོང་གྲོང་གི་དངུལ་བུན་འཕར་ཚད་དངུལ་ཁང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོང་བ་བྱ་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་དངུལ་རྩའི་ཐོན་ལས་ཀྱི་མ་ལག་ཕུན་སུམ་ཚོགས་སུ་གཏོང་རྒྱུ་བཅས་ཕྱོགས་8ཐད་ཀྱི་བྱ་ཐབས་ཁག་30བཏོན་ནས་དངུལ་རྩས་བོད་ཀྱི་གྲོང་གསེབ་དར་རྒྱས་དང་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུའི་ལེའུ་གསར་པ་བརྩམ་རྒྱུའི་དམིགས་ཚད་ཀྱང་ཁ་གསལ་བཟོས་པ་རེད། (འཕྲིན་སྤེལ་བ་བསྟན་འཛོམས)