《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月22日

བྱང་ཐང་འབྲོག་པའི་བདེ་སྐྱིད་ལྡན་པའི་འཚོ་བ།

བསོད་རྒྱལ་ད་ཆ་བོད་རང་སྐྱོང་ལྗོངས་ཉི་མ་རྫོང་ཉི་མ་གྲོང་རྡལ་གྱི་འབྱོར་འབྲིང་སྡོད་ཁང་གསར་པའི་ནང་སྡོད་ཀྱི་ཡོད། “ན་ནིང་ཁྱིམ་ཚང་གི་ཡོང་འབབ་རྣམ་གྲངས་ཅུང་མང་བས་བསྡོམས་འབོར་ད་བར་ད་དུང་གསལ་པོ་ཤེས་ཀྱི་མེད། ལོ་གསར་གཏོང་བའི་གོ་སྐབས་དང་བསྟུན་ནས་རྩིས་གསལ་པོ་ཞིག་རྒྱག་གི་ཡིན”ཞེས་བསོད་རྒྱལ་གྱིས་བརྗོད། ཁོང་གིས“དུས་རྒྱུན་ངས་རྩིས་རྒྱག་འཕྲུལ་ཆས་སྤྱོད་ཀྱི་ཡོད། དེ་རིང་གི་རྩིས་ཅུང་རྙོག་དྲ་ཆེ་བས་ཟོན་ཕན་བཏང་ནས་རྩིས་ཞིབ་ཕྲ་ཞིག་རྒྱག་གི་ཡིན”ཞེས་བརྗོད།

བསོད་རྒྱལ་གྱིས་བརྒྱབ་པའི་རྩིས་དང་པོ་ནི་འབྲོག་ལས་ཀྱི་ཡོང་འབབ་རེད།

“ངའི་ཁྱིམ་དུ་རྩྭ་ར་མུའུ་ལྔ་སྟོང་ལྷག་ཙམ་དང་། འབྲི་གཡག་མགོ་གྲངས་36 ལུག་མགོ་གྲངས་49བཅས་ཡོད་པ་དག་ད་ཆ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ཡོད། ན་ནིང་ངའི་ཁྱིམ་ལ་མཉམ་ལས་ཁང་ནས་ཚགས་ཤ་དང་ལུག་ཤ་རྒྱ་མ་500ལྷག་ཙམ་དང་། མར་རྒྱ་མ་70ལྷག་ཙམ། ཕྱུ་ར་རྒྱ་མ་40ལྷག་ཙམ་བཅས་དང་། ད་དུང་དངུལ་སྨར་སྒོར་ཁྲི་1ལྷག་ཙམ་བགོ་བཤའ་བརྒྱབ་བྱུང་། ངས་ཚོད་རྩིས་ཤིག་བརྒྱབ་ན། འབྲོག་ལས་ཀྱི་རྣམ་གྲངས་ཁོ་ནར་ཡོང་འབབ་སྒོར་ཁྲི་ལྔ་ལྷག་ཙམ་ཟིན་གྱི་འདུག”ཅེས་བརྗོད།

བསོད་རྒྱལ་གྱིས་བརྒྱབ་པའི་རྩིས་གཉིས་པ་ནི་གཉེར་སྐྱོང་ཡོང་འབབ་རེད།

རྩྭ་ཐང་ནས་སྤོས་རྗེས་བསོད་རྒྱལ་གྱིས་གྲོང་ཚོ་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་རིན་མེད་ལས་གཏོད་བྱ་ཡུལ་སྤྱད་དེ་རང་ཉིད་ཀྱི་འཚེམ་བཟོའི་ལག་རྩལ་འདོན་སྤེལ་བྱས་ནས། འབྱོར་འབྲིང་སྡོད་ཁང་གསར་པར་འཚེམ་བཟོ་ཁང་ཞིག་བཙུགས་ཏེ། བོད་ཆས་དང་། རྟ་ཆས། གུར་སོགས་འཚེམ་གྱི་ཡོད། བྱང་ཆུབ་པའི་ལག་ཤེས་བཟོ་རྩལ་དང་ཕུལ་བྱུང་གི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས། འཚེམ་བཟོ་ཁང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་། བསོད་རྒྱལ་གཅིག་པུས་ལས་ཀ་ཚར་ཐབས་བྲལ་བས་མི་གཉིས་ལས་མིར་བསྡུས་ཡོད་པ་རེད།

ཡུན་རིང་མ་སོང་བར་བསོད་རྒྱལ་གྱི་ལག་རྩལ་སྡེ་ཁུལ་ཏང་ཀྲི་པུའུ་དང་དེ་བཞིན་གྲོང་ལྷན་གྱིས་ཤེས་རྟོགས་བྱུང་ནས། སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཟླ་ལྷ་ཚེ་དབང་གིས་ཁོང་འཚོལ་བར་ཡོང་།

“ང་ཚོས་བསོད་རྒྱལ་གྱིས་འཚེམ་བཟོ་ཁང་ཡག་པོ་གཉེར་བ་མཐོང་བྱུང་བས། དེ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དབུལ་པོའི་དུད་ཚང་གཞན་དག་ཕྱུག་པོ་ཆགས་པར་སྐུལ་ཁྲིད་བྱེད་རྒྱུའི་བསམ་བློ་འཁོར་བྱུང་། ཁོང་དང་གྲོས་བསྡུར་བྱས་རྗེས་ཁོང་གིས་སྤྲོ་བ་ཆེན་པོས་མོས་མཐུན་བྱས་བྱུང”ཞེས་ཟླ་ལྷ་ཚེ་དབང་གིས་བརྗོད།

དེ་རྗེས་གྲོང་ལྷན་གྱིས་འཚེམ་འཁོར་40ལྷག་ཙམ་ཉོས་ནས་མི་རིགས་ཀྱི་གྱོན་གོས་འཚེམ་བཟོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། བསོད་རྒྱལ་གྱིས་དེའི་འགན་ཁུར་ཏེ་གནས་སྤོས་དུད་ཚང་དབུལ་པོ་20ལྷག་ཙམ་གྱི་སྣེ་ཁྲིད་པ་དང་ངལ་ནུས་མི་གྲངས་20བསྡུས་ཡོད། དུས་ཐུང་ཟླ་བ་གསུམ་རིང་མཉམ་ལས་ཁང་གིས་བོད་ཆས་500ལྷག་ཙམ་དང་། པང་རས་700 རྟ་ཆས་300ལྷག་ཙམ་བཙེམས་ཡོད།

“མིག་སྔར་འཚེམ་བཟོ་མཉམ་ལས་ཁང་གི་འཕེལ་རྒྱས་ཡག་པོ་བྱུང་བ་དང་གཉེར་སྐྱོང་བྱས་ནས་ཟླ་བ་གསུམ་སོང་རིང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང”ཞེས་བསོད་རྒྱལ་གྱིས་བརྗོད།

བསོད་རྒྱལ་གྱིས་བརྒྱབ་པའི་རྩིས་གསུམ་པ་ནི་ངལ་ནུས་ཀྱི་ཡོང་འབབ་རེད།

མིག་སྔར་བསོད་རྒྱལ་གྱི་བཟའ་ཟླ་རྡོ་རྗེ་ཕུར་པས་སྡེ་ཁུལ་གྱི་སྡེ་ལས་ཀུང་སིར་གད་པ་བྱས་པར་2020ལོར་ཡོང་འབབ་སྒོར་9500བྱུང་ཡོད། བུ་རྒན་པ་བཀྲ་ཤིས་སྲི་ཐར་ནི་མཉམ་ལས་ཁང་གི་ལས་འགན་གཅིག་ལྕོགས་འཁུར་མཁན་གྱི་ལག་རྩལ་པ་ཞིག་ཡིན་པས་ལོ་ལྟར་ཁ་གསབ་སྒོར་6000ཡོད་པ་མ་ཟད། ཁོམ་པ་ཡོད་དུས་རྫོང་གྲོང་དུ་ཚབ་གཏོང་ཁ་ལོ་བ་བྱས་པར་ན་ནིང་ཡོང་འབབ་སྒོར་6000ལྷག་ཙམ་བྱུང་ཡོད། མནའ་མ་ལྷ་མོས་བོད་ཟས་ཁང་ཞིག་བཙུགས་པར་ན་ནིང་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད།

བསོད་རྒྱལ་གྱིས་བརྒྱབ་པའི་རྩིས་བཞི་པ་ནི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་རེད།

“ཟླ་རེར་སྒོར་2000ལྷག་ཙམ་གྱི་རྩྭ་རའི་ཁ་གསབ་དངུལ་དངུལ་ཁང་གཱ་ནང་བླུག་གི་ཡོད། ཕྱུགས་འཚོ་སྐབས་ང་ཚོས་ད་དུང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད་པས། ལོ་ལྟར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མི་སྣའི་ཡོང་འབབ་སྒོར་9500རག་གི་ཡོད”ཅེས་བསོད་རྒྱལ་གྱིས་བརྗོད། ཁོང་གིས“ད་ཆ་ང་ཚོ་སྡོད་སའི་ཁང་པ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་སྐབས་སྲིད་གཞུང་གིས་མཁོ་འདོན་བྱས་པ་ཞིག་ཡིན་པས་ང་ཚོས་དངུལ་སྐར་ལི་གཅིག་ཀྱང་གཏོང་དགོས་བྱུང་མེད་པས། དེ་ཡང་ཡོང་འབབ་ལ་རྩིས་ན་འགྲིག”ཅེས་བརྗོད།

བསོད་རྒྱལ་ཁྱིམ་གྱི་རྩིས་ཁྲ་དང་འདྲ་བ་བོད་རང་སྐྱོང་ལྗོངས་སུ་ད་དུང་མང་པོ་མཐོང་རྒྱུ་ཡོད། གྲངས་གཞི་ལས་མངོན་གསལ། བོད་ཀྱི་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་འཕར་བ་དང་འཛད་སྤྱོད་རིམ་སྤོར་མངོན་གསལ་དོད་པོ་ཡོད། 2020ལོར་བོད་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ་དེ་2015ལོ་དང་བསྡུར་ན་77.4%འཕར་བ་དང་། ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་འཛད་སྤྱོད་སྔོ་ཚལ་སྤྱི་རྒྱ་23མང་དུ་ཕྱིན་པ་དང་། གྱོན་གོས་ཀྱི་འཛད་སྤྱོད་སྒོར་584མང་དུ་ཕྱིན་པ། འགྲིམ་འགྲུལ་དང་འཕྲིན་གཏོང་གཏོང་སྤྲོད་ལྡབ་གཅིག་འཕར་བ། མི་རེའི་ཆ་སྙོམས་རིག་གནས་རོལ་རྩེད་ཞབས་ཞུའི་གཏོང་སྤྲོད་167.6%འཕར་བཅས་རེད།