《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月19日

ཁང་པ་དཀར་ཆ་དོད། འཚོ་བ་བདེ་སྐྱིད་ལྡན།

← འདི་ནི་བསོད་ནམས་ཡེ་ཤེས(གཡས་ཀྱི་གཉིས་པ)ཀྱིས་ལོ་གསར་གཏོང་བར་ཡོང་མཁན་གཉེན་ཉེ་དང་གྲོགས་པོ་ཚོར་སྣེ་ལེན་ཞུ་བཞིན་པ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་སུ་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁམས་བདེ་ཁང་གསར་གྱི་ཁུལ་ཆུང་དུ་བསྐྱོད་སྐབས་མི་ཚང་མས་གཟབ་མཆོར་སྤྲས་ཏེ་ངོ་གདོང་ནས་དགའ་སྤྲོའི་མཛུམ་མདངས་འཕྱུར་བཞིན་འདུག

བསོད་ནམས་ཡེ་ཤེས་ཀྱིས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་ལོ་གསར་གཏོང་བར་ཡོང་མཁན་གྱི་གཉེན་ཉེ་དང་གྲོགས་པོ་ཚོར་སྣེ་ལེན་ཞུ་བཞིན་ཡོད་ཅིང་། མཛེས་བཟོ་ལེགས་པར་བྱས་པའི་ཁང་པའི་ནང་དེང་རབས་ཅན་གྱི་གློག་ཆས་དང་ཁྱིམ་ཆས་གསར་པ་སྣ་ཚོགས་བསྒྲིགས་འདུག

བསོད་ནམས་ཡེ་ཤེས་ཀྱིས“ང་ལོ་ཆེན་པོ་འདི་འདྲ་སླེབས་ཀྱང་འབབ་འཕར་ཕྱུག་འགྱུར་ཡོང་བ་བསམ་པའི་ཡུལ་ལའང་མེད། ལོ་འདི་དག་ནང་ང་ཚོའི་ཁྱིམ་གྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་དེ་དག་ཚང་མ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན”ཞེས་བརྗོད།

2020ལོར་ཕྱིར་དྲན་བྱེད་སྐབས་བསོད་ནམས་ཡེ་ཤེས་ཀྱི་འཚོ་བ་ནི་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཡོད། ཕ་ཡུལ་སྒར་རྫོང་མོན་འཚེར་ཤང་ནས་ཡིན་པའི་ཁོང་སྔོན་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། ཁྱིམ་ལ་ནང་མི་8ཡོད་པ་དང་ཕྱུགས་རིགས་དང་རྩྭ་ར་མང་པོ་མེད་པས་ཁྱིམ་ཚང་གི་འཚོ་བ་སྐྱོ་ཙམ་ཡོད།

ཁམས་བདེ་ཁང་གསར་གྱི་ཁུལ་ཆུང་དུ་སྤོས་རྗེས་ཁོང་སྡེ་ཁུལ་གྱི་མཉམ་སྡེབ་སྒོ་རྩིས་ཚོང་ཁང་གི་ཅིང་ལིར་འོས་སྦྱོར་བྱས་ཤིང་། ཁོང་གིས་ལས་ཀ་ཧུར་ཐག་བྱས་པ་བརྒྱུད་སྒོ་རྩིས་ཚོང་ཁང་གི་ཚོང་ཡག་ཏུ་སོང་ཡོད། 2020ལོར་ཁོང་གིས་ཁམས་བདེ་ཁང་གསར་གྱི་ཁུལ་ཆུང་ལྟེ་གནས་ཀྱི་ཚོང་ལས་ཐང་ཆེན་ནས་ཚོང་ཁང་ཞིག་བོགས་མར་བླངས་ཏེ་ཇ་ཁང་བཙུགས་པས་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་7བར་མང་དུ་སོང་སྟེ་རང་ཉིད་དབུལ་སྒྲོལ་ཐུབ་པ་དང་ཆབས་ཅིག དུད་ཚང་དབུལ་པོའི་མང་ཚོགས་2ཇ་ཁང་ནང་ལས་ཀར་བཅུག་ནས་དངུལ་སྨར་ཡོང་འབབ་འཕར་བར་བྱས་ཡོད།

གསར་འགོད་པས་ལོ་གསར་པར་འདུན་པ་གང་ཡོད་ལུགས་སྐོར་འདྲི་སྐབས་བསོད་ནམས་ཡེ་ཤེས་ཀྱིས་དགའ་ཚོར་ཆེན་པོས“ལོ་གསར་པའི་ནང་ཇ་ཁང་གི་ཚོང་སྔར་བས་ཡག་ཏུ་སོང་ནས་མང་ཚོགས་དེ་བས་མང་བ་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་གང་ཐུབ་ཅི་ཐུབ་ཀྱིས་སྣེ་ཁྲིད་ཐུབ་པ་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།