《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年02月19日

ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

ཟླ་2ཚེས་15དང་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གནས་ཚུལ་བརྟག་ཞིབ་གནང་བ་དང་ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་ལས་བྱེད་པ་དང་འཐབ་ས་དང་པོའི་ངལ་རྩོལ་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར་དཔྱིད་གསར་གྱི་སྨོན་འདུན་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད། འདི་ནི་ཕད་མེ་གཞུང་ལམ་སྟག་ཁ་ཕུག་ལམ་དུ་ཝུའུ་དབྱིང་ཅེས་ལས་གྲྭའི་མྱུར་ཚད་དང་ཕུག་ལམ་སྔོག་པའི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་15དང་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་ལས་བྱེད་པ་དང་འཐབ་ས་དང་པོའི་ངལ་རྩོལ་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ཕྱོགས་ཁག་གི་ངལ་རྩོལ་པར་དཔྱིད་གསར་གྱི་སྨོན་འདུན་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་གིས་ཕེབས་རོགས་ཞུས་པ་རེད།

ཡིད་འོང་ཇ་རར་ཝུའུ་དབྱིང་ཅེས་ཁེ་ལས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། དམག་དཔོན་ཆེན་པོའི་ཐོག་ཁང་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ། ཏང་གི་ཕུལ་བྱུང་སྲོལ་རྒྱུན་བསྐྱར་དྲན་གནང་བ། ཏང་གི་ལོ་རྒྱུས་སློབ་གསོའི་ཁྲོད་ཀྱི་གསར་བརྗེའི་གནའ་ཤུལ་གྱི་ནུས་པ་འདོན་རྒྱུའི་ནན་བཤད་གནང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོར་དཀའ་སྤྱད་འབད་འཐབ་དང་། རང་སྟོབས་རང་སྤེལ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་པ་བཅས་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་སྙིང་དོན་གསར་པ་ཟམ་མི་ཆད་པར་བསྣན་དགོས་པའི་སློབ་གསོ་ཁྲིད་སྟོན་གནང་བ་རེད།

ཀླུ་ནང་གྲོང་རྡལ་ལ་ཡོད་གྲོང་ཚོར་ཝུའུ་དབྱིང་ཅེས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཝང་ཤོན་དང་། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ལྷ་མོ། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཨ་ཉིའུ་ཚེ་རིང་། ནགས་ལས་བདག་སྐྱོང་པ་ཚེ་རིང་བཅས་དང་ཕེབས་ཞོར་དུ་གླེང་མོལ་གནང་བཞིན་ལ་ཡོད་གྲོང་ཚོའི་འཕོ་འགྱུར་ལྷན་དུ་རྗེས་དྲན་གནང་བ་དང་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་

འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད) ཝང་ཤོན་གྱིས་ལ་ཡོད་གྲོང་ཚོ་ནི་རྒྱལ་ལམ་318ལམ་རྒྱུད་དུ་གནས་ཤིང་། ད་ཕན་ལོ་ཤས་རིང་གྲོང་ཚོས་ལེགས་ཆའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་ལྟ་སྐོར་ཇ་ར་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་བྱུང་ཡོད་ཅེས་ཞུས། སྐལ་བཟང་ལྷ་མོས་ང་ཚོའི་གྲོང་ཚོ་ནི་དེ་སྔ་སྐད་གྲགས་ཡོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་ཞིང་། ད་ཆ་གྲོང་ཚོའི་མང་ཚོགས་ཕལ་ཆེ་བ་ཇ་ལོ་འདེབས་འཛུགས་ནང་ཞུགས་པ་དང་ཉིན་ལྟར་ཇ་རར་གླ་པ་རྒྱུག་ནས་ཉིན་རེར་གླ་ཆ་སྒོར་200ལྷག་ཙམ་ལེན་རྒྱུ་ཡོད་པ་ཕུད་ད་དུང་ས་ཞིང་བརྒྱུད་བཤུག་བཏང་ནས་ཡོང་འབབ་ངེས་ཅན་ཐོབ་སྟེ་དུད་ཚང་ཚང་མར་ཇ་ལོ་འདེབས་འཛུགས་ཁྲོད་ནས་ཡོང་འབབ་གསོག་ཐུབ་ཡོད་ཅེས་ཞུས། ཚེ་རིང་གིས་ད་ཆ་ཏང་གི་སྲིད་ཇུས་ཡག་པོ་དེ་ལྟ་བུ་ཡོད་པས་ང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཚེ་འཚོ་བ་ཡག་པོ་སྐྱེལ་མི་ཐུབ་པའི་སེམས་ཁྲལ་མི་འདུག་ཅེས་ཞུས། ཝུའུ་དབྱིང་ཅེས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གུང་ཁྲན་ཏང་ནི་མི་སེར་ལ་བྱ་བ་དངོས་སྒྲུབ་པ་དང་ཕན་བདེ་དོན་གཉེར་བྱེད་མཁན་ཞིག་ཡིན་པ་དང་ཁྱེད་ཚོ་ལྟར་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པ་ཡག་པོ་དེ་ལྟ་བུ་ཡོད་སྟབས་ང་བློ་བདེ་སོང་། རེ་བར་ཁྱེད་ཚོས་མུ་མཐུད་ནུས་པ་བཏོན་ནས་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་རང་ཉིད་ཉེ་འགྲམ་གྱི་མིར་ཏང་གི་བཀའ་དྲིན་དྲན་པ་དང། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྐྱོན་བྲལ་དང་ཤེས་དཔལ་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་བསྟན་གནང་དོན། དེང་སྐབས་ང་ཚོ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གོང་བུ་སྒྲིལ་ཤུགས་དང་། འཐབ་ནུས། འགོ་ཁྲིད་ནུས་པ། འབོད་སྐུལ་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། མང་ཚོགས་ཀྱིས་ཏང་གི་ལས་བྱེད་པ་མཐོང་ཐུབ་པ་དང་ཏང་གི་གསུང་སྒྲ་ཐོས་ཐུབ་པར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་བརྩེ་མི་རིགས་ཁག་གི་མང་ཚོགས་ཀྱིས་གཏིང་ཟབ་ཚོར་བར་བྱེད་དགོས།

བརྟག་དཔྱད་གནང་རིང་། ཝུའུ་དབྱིང་ཅེ་རླངས་འཁོར་ནང་ཞུགས་ནས་ཁ་བ་བུ་ཡུག་ལ་མ་འཛེམ་པར་ཀྱག་ཀྱོག་འབར་འབུར་དང་འདམ་རྫབ་ཀྱིས་ཁེངས་པའི་རི་རྒྱུད་ཀྱི་གཞུང་ལམ་བརྒྱུད་ནས་ས་བབ་མཐོ་ཚད་སྨི་4550ཟིན་པའི་མདོ་གཞུང་ལ་ནས་ས་བབ་མཐོ་ཚད་སྨི་2200ལྷག་ཙམ་ཡོད་པའི་སྟག་ཁ་ཕུག་ལམ་དུ་ཕེབས་ཏེ་ཕད་མེ་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་བ་དང་འབྲེལ་ཨར་སྐྲུན་པ་དང་བྱམས་བརྩེའི་གླེང་མོལ་ཡང་གནང་བ་རེད། ཝུའུ་དབྱིང་ཅེས་དུས་ཆེན་རིང་ཁྱེད་ཚོས་ཁྱིམ་མི་དང་ལྷན་འཛོམས་ཀྱི་གོ་སྐབས་བློས་བཏང་ནས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མེས་རྒྱལ་མཐའ་མཚམས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

གསེར་སྐྱེམས་ལའི་ཕུག་ལམ་འཛུགས་སྐྲུན་ལས་ཡུལ་དུ། ཝུའུ་དབྱིང་ཅེས་ལས་གྲྭའི་འཛུགས་སྐྲུན་དང་ལས་ཡུལ་དངོས་ཀྱི་ལས་སྒྲུབ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁྲོན་བོད་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ཐད་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱེད་སྟངས་སྤྱད་ནས་ཚ་ལ་རྒྱག་མཁན་སོགས་བོད་ཀྱི་ཡུལ་དེ་གའི་ཨར་ལས་བཟོ་སྐྲུན་གྱི་ཤེས་ལྡན་པ་1000ཙམ་གསོ་སྦྱོང་བྱས་ནས་ས་གནས་དེ་གའི་མང་ཚོགས་ཁག་གཅིག་ལས་ཞུགས་ཐུབ་པ་མཁྱེན་སྐབས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་གིས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མཚོན་ཡོད། རེ་བར་འབྲེལ་ཡོད་སྡེ་ཚན་དང་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་པུས་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཨར་སྐྲུན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ནན་པོ་བྱེད་པ། གྲུབ་འབྲས་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་གསེར་སྐྱེམས་ལའི་ཕུག་ལམ་དེ་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་དམངས་འཚོའི་ལས་གྲྭ་དང་། སྤུས་ལེགས་ལས་གྲྭར་ཧུར་ཐག་བསྐྲུན་པ་དང་ཁྲོན་བོད་ལྕགས་ལམ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་དུ་ཧུར་ཐག་བསྐྲུན་དགོས་ཞེས་བསྟན་གནང་བ་རེད། (བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)